གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

གཞིས་རྩེས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བ།

སྤེལ་དུས་: 2021ལོ་02ཟླ་04ཚེས་ 16:39 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར།  གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས༼གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་གཞིས་རྩེ་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་པའི་ལག་བསྟར་ཇུས་གཞི༽ བཀྲམ་པ་རེད། གཤམ་དུ༼ལག་བསྟར་ཇུས་གཞི༽ཞེས་བསྡུ་རྒྱུ།

༼ལག་བསྟར་ཇུས་གཞིའི༽ནང་བསྟན་དོན། སྤྱི་ལོ ༢༠༢༥ ལོར་སླེབས་སྐབས་གསར་གཏོད་དང་སྐུལ་འདེད་དུས་སུ་སླེབས་རྒྱུ་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱིས་རྫོང༼ཆུས༽༡༨ ཚང་མ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་འཛུགས་གཏོད་ཀྱི་ཚད་གཞི་ལོན་པ་བྱ་རྒྱུ་ཡིན་པ་རེད། སྤྱི་ལོ ༢༠༢༡ ལོར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱ་རྒྱུ་བརྩོན་ལེན་བྱེད་པའི་རྨང་གཞིའི་ཐོག་གཞིས་རྩེ་གྲོང་ཁྱེར་དང་གྲོ་མོ་རྫོང་གི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་འཛུགས་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་རྒྱུ་ཡིན་པ་རེད། བསམ་གྲུབ་རྩེ༼ཆུས༽དང་། རིན་སྤུངས། ཁང་དམར། གམ་པ། དིང་རི། ས་དགའ་བཅས་རྫོང་༼ཆུས༽༦ རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་ལ་འཛུགས་གཏོད་བྱ་རྒྱུ་ཡིན་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཤང༼གྲོང་རྡལ༽གཏོད་ཚད་བརྒྱ་ཆ ༥༠ ཟིན་པ་བྱ་རྒྱུ། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཚོ༼གྲོང་ལྷན༽གཏོད་ཚད་བརྒྱ་ཆ ༨༠ ཟིན་པར་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་གསར་རི་དངུལ་རི་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་གསར་གཏོད་རྟེན་གཞི་འཚོལ་ཞིབ་དང་འཛུགས་གཏོད་བྱ་རྒྱུ་ཡིན་པ་རེད།

སྤྱི་ལོ ༢༠༢༦ ལོ་ནས ༢༠༣༠ ལོའི་བར་ནི་ཕྱོགས་ཡོངས་ནས་འཛུགས་གཏོད་དུས་མཚམས་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་༼ཆུས༽ཚང་མ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་དཔེ་སྟོན་རྫོང་༼ཆུས༽ཀྱི་ཚད་གཞི་ལོན་པར་བྱ་རྒྱུ་ཡིན་པ་རེད། ཉུང་མཐར་ཡང་རྫོང་ ༣ ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་གི་མཚན་སྙན་འཐོབ་པར་རྒྱུ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང་༼ཆུས༽ཚང་མ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་ལ་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་དང་། ཤང་༼གྲོང་རྡལ༽ བརྒྱ་ཆ ༨༠ རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཤང་དང་གྲོང་རྡལ་ལ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ། གྲོང་ཚོ༼གྲོང་ལྷན༽བརྒྱ་ཆ ༩༠ ཡན་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཚོ༼གྲོང་ལྷན༽ལ་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་དཔེ་སྟོན་རྟེན་གཞི་གཉིས་ནས་གསུམ་བར་འཚོལ་ཞིབ་དང་གསར་གཏོད་བྱ་རྒྱུ་ཡིན་པ་རེད།

སྤྱི་ལོ ༢༠༣༡ ལོ་ནས་སྤྱི་ལོ ༢༠༣༥ ལོ་བར་ནི་སྲ་བརྟན་མཐོར་གཏོང་གི་དུས་ཚོད་ཡིན་ཞིང་། གྲོང་ཁྱེར་དང་། རྫོང་༼ཆུས༽ཤང་༼གྲོང་རྡལ༽གྲོང་ཚོ༼གྲོང་ལྷན༽བཅས་རྒྱལ་ཁབ་རིམ་པའམ་ཡང་ན་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་འཛུགས་གཏོད་ཀྱི་ཚད་གཞི་ཕྱོགས་ཡོངས་ནས་ལོན་པའི་རྨང་གཞིའི་ཐོག་སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་གཞི་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྲ་བརྟན་དང་ཟབ་ཏུ་གཏོང་རྒྱུ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་གི་དགོངས་པ་གལ་ཆེན། ད་ལོ་བོད་ཀྱིས་དམངས་འཚོའི་དོན་ཆེན་འདི་དག་སྒྲུབ་རྩིས་འདུག སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་གནད་བསྡུས། ཝུའུ་དབྱིང་ཅེས་མལ་གྲོ་གུང་དཀར་རྫོང་གི་རུ་ཐོག་ཤང་རྫེམས་གྲོང་ཚོའི་གྲོང་མི་བསོད་ནམས་ཚེ་རིང་ལ་འཕྲིན་ལན་སྤྲིངས་པ།