གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ལོ༢༠༢༡ལོའི་ལོ་འཁོར་གྱི་ཚང་འཛོམས་གྲོས་ཚོགས་ཐེངས༢པ་གཙོ་སྐྱོང་གནང་བ།

སྤེལ་དུས་: 2021ལོ་03ཟླ་31ཚེས་ 17:21 ཡོང་ཁུངས་: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། སྤྱི་ཚེས ༢༩ ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི ༢༠༢༡ ལོའི་ལོ་འཁོར་གྱི་ཚང་འཛོམས་གྲོས་ཚོགས་ཐེངས ༢ པ་གཙོ་སྐྱོང་གནང་སྟེ ༼གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་ཞིབ་བཤེར་བྱེད་པར་སྐྱེལ་རྒྱུའི་མ་ཟིན༽དང་། ༼ལྗོངས་ཡོངས་ཀྱི་ཞིང་གསུམ་ལས་དོན་གྱི་བརྟག་ཞིབ་སྙན་ཞུ༽ ༼དུས་རབས་གསར་པར་སྐད་ཡིག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྤྱིའི་ཇུས་གཞི་གྲོས་བསྡུར་མ་ཟིན༽བཅས་ཡིག་ཆ་གསུམ་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་དང་། བསམ་འཆར་དང་གྲོས་འགོ་ཉན་པ། འདི་ལོ་དང་ལོ་ལྔ་ཚན་བཅུ་བཞི་པའི་རིང་གི་ལྗོངས་ཡོངས་ཀྱི་ཞིང་གསུམ་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་པ། ཞིང་གསུམ་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ནུས་ཕྱོད་ཆེ་རུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་བཅས་བྱས་ནས་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་གྲུ་རྡོའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་ཚོགས་འདུར་ཞུགས་ཡོད་པ་རེད།

ཡན་ཅིན་ཧའེ་ཡིས་བསྟན་དོན། ལྗོངས་ཏང་ཨུད་ཀྱིས་འདོན་ཉེར་ཡོད་པའི༼གྲོང་གསེབ་དར་རྒྱས་ལ་ཕྱོཌ་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོཌ་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར༽ཡག་པོ་བཟོ་ཆེད། གཤམ་དུ༼ལག་བསྟར་བསམ་འཆར༽ཞེས་བསྡུ་རྒྱུ། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་རྗེས་འཕྲལ་མར་ཞིང་གསུམ་ལས་དོན་གྱི་བརྟག་ཞིབ་ཆེ་མོར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། སྐུ་ངོ་མས་བརྟག་ཞིབ་ཇུས་གཞིར་ཞིབ་བཤེར་གཏན་འབེབས་དང་རྟོག་ཞིབ་དང་བརྟག་ཞིབ་ཀྱི་བརྗོད་དོན་གཙོ་བོ་གཏན་འཁེལ་གནང་སྟེ། ང་ཚོས༼ལག་བསྟར་བསམ་འཆར༽གྱི་འཆར་ཟིན་ཡག་པོ་འགོད་རྒྱུར་ཁ་ཕྱོགས་གསལ་བཏོན་དང་མཛུབ་སྟོན་གལ་ཆེན་གནང་ཡོད། ཁོངས་མིའི་ཚན་པ་ཁག་དང་། གྲོང་ཁྱེར༼ས་ཁུལ ༽ ༧ དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཀྱི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་པའི་ཁར། བཟོ་བཅོས་ཡང་ཡང་བརྒྱབ་པ་བརྒྱུད། ཚོགས་འདུར་ཞིབ་འཇུག་བྱ་རྒྱུར་འབུལ་རྒྱུའི༼ལག་བསྟར་བསམ་འཆར༽གྱི་མ་ཟིན་གྲུབ་ཡོད། ཞིབ་བཤེར་ལ་འབུལ་རྒྱུའི་མ་ཟིན་དེས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཤིང་། དེ་མིག་སྔར་གཞི་ཚུགས་པའི་ལོ་འཁོར་རང་བཞིན་དང་ཕན་ནུས་རང་བཞིན་འབུར་དུ་ཐོན་ལ། ཕུགས་ལ་ལྟ་རྟོག་དང་ལོ་ལྔ་ཚན་བཅུ་བཞི་པའི་འགོ་ཚུགས་ལ་དམིགས་པའི་འཐབ་ཇུས་རང་བཞིན་དང་ཁ་ཕྱོགས་རང་བཞིན་འབུར་དུ་ཐོན་པ་ཞིག་ཀྱང་རེད། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་གཞུང་ལས་ཁང་གིས་ཚོགས་འདུའི་ཐོག་བཏོན་པའི་བཟོ་བཅོས་བསམ་འཆར་གཞིར་བཟུང་། དུས་ཚོད་དམ་འཛིན་གྱིས་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ལ་ཞིབ་འཇུག་བྱ་རྒྱུར་མགྱོགས་མྱུར་འབུལ་དགོས།

ཡན་ཅིན་ཧའེ་ཡིས་བསྟན་གནང་དོན། ༼ལྗོངས་ཡོངས་ཀྱི་ཞིང་གསུམ་ལས་དོན་གྱི་བརྟག་ཞིབ་སྙན་ཞུའི༽ནང་རང་ལྗོངས་ཀྱི་ཞིང་གསུམ་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་མདོར་བསྡུས་ཤིང་ཁ་གསལ་བར་བཀོད་ཡོད་དང་། མིག་སྔའི་ཞིང་གསུམ་ལས་དོན་གྱི་འགྱུར་ལྡོག་གསར་པ་དང་འགྲན་སློང་གསར་པར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ། ཐབས་ཇུས་གྲོས་འགོར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ། ལྷག་པར་དུ་ཕྱོགས་སྡོམ་བྱས་ནས་བཏོན་པའི་འཕོ་འགྱུར་ལྔ་དང་དུས་དྲུག་རྩེག་སྣོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལས་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གནས་ཚུལ་དངོས་ཇི་མ་ཇི་བཞིན་མཚོན་ཡོད། ལྗོངས་ཏང་ཨུད་གྲོང་གསེབ་གཞུང་ལས་ཁང་གིས་སླར་ཡང་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་རྗེས་ལྗོངས་ཏང་ཨུད་ལ་ཐབས་ཇུས་ཀྱི་དཔྱད་གཞི་འཛིན་རྒྱུར་འབུལ་དགོས།

ཡན་ཅིན་ཧའེ་ཡིས༼དུས་རབས་གསར་པར་སྐད་ཡིག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྤྱིའི་ཇུས་གཞི་གྲོས་བསྡུར་མ་ཟིན༽ལས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་མཚོན་པ་དང་། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་དགོངས་པ་མཚོན་པ། སྲིད་ཇུས་ཀྱི་ཡང་དག་རང་བཞིན་དང་། ཐབས་ལམ་གྱི་བབ་བསྟུན་རང་བཞིན། ལས་ཀའི་དངོས་ཕན་རང་བཞིན། སྐུལ་འདེད་ཀྱི་གཟབ་ནན་རང་བཞིན་བཅས་ཁོང་དུ་ཆུད་པར་བྱས་ཡོད། ལྷག་པར་དུ་གང་མི་འདང་ན་དེ་གསབ་དགོས་པ་དང་གནད་དོན་གང་ཞིག་མངོན་གསལ་དོད་ན་དེ་ཐག་གཅོད་བྱེད་དགོས་པའི་བླང་བྱ་ལྟར། ཞིང་འབྲོག་པའི་ཁྲོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པར་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་པས། ལྗོངས་སློབ་གསོ་ཐིང་གིས་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་གོ་རིམ་གཞིར་བཟུང་སྙན་སེང་བཀའ་འཁྲོལ་ཞུས་རྗེས་པར་འགྲེམས་ལག་བསྟར་བྱེད་དགོས་ཞེས་གསུངས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

​བོད་ཀྱིས་གྲོང་ཚོ་རིམ་པའི་སྐབས་བརྗེའི་ལས་དོན་ལ་སྐུལ་འདེད་བཏང་བ། སྡོད་ཁང་གསར་པར་སྤོས་ནས་འཚོ་བ་གསར་པར་རོལ་བའི་དབུལ་སྒྲོལ་དུད་ཚང་ཕུར་རྒྱལ་གྱི་སྐོར་བཀོད་པ། ད་ལོའི་བོད་ཀྱི་གཞི་རིམ་ཏང་འཛུཌ་སྐྱོང་ལས་དོན་སྤེལ་སྟངས་འདི་ན་འདུག དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བའི་ལམ་བུ་བསྐྲུན།