གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

གཞིས་རྩེ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཚན་རིག་ཁང་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ།

སྤེལ་དུས་: 2025ལོ་03ཟླ་25ཚེས་ 15:53 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ནི་སློབ་མ་ཚོས་གཞིས་རྩེ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཚན་རིག་ཁང་དུ་མེ་ཟོན་བདེ་འཇགས་སྐོར་གྱི་སློབ་གསོ་དང་ལེན་བྱེད་བཞིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཟླ ༣ ཚེས ༢༡ ཉིན། གཞིས་རྩེ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཚན་རིག་ཁང་གི་ས་ཡོམ་ལད་མོ་ཁང་དུ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་རེ་བའི་སློབ་ཆུང་གི་སློབ་མ ༡༢༠ ལྷག་ཙམ་གྱིས་སྒྲོག་ཙེ་བཟུང་ནས་ལུས་པོ་སྒུར་སྒུར་དུ་བསྐྱོད་དེ་ས་ཡོམ་ཁྲོད་སྲོག་ཐར་ཐབས་ཀྱི་དངོས་སྦྱོང་ཞིག་བྱས་པ་རེད། ས་གཡོ་བ་དང་། གྱང་འགྱེལ་བ། ཉེན་བརྡ་སྒྲོག་པ་བཅས་ཀྱི་དངོས་ཡོད་འདྲ་བཟོའི་ཁྲོད་སློབ་མ་ཚོས་ས་ཡོམ་གྱི་གནོད་འཚེའི་འཇིགས་པ་མྱོང་ལེན་གྱིས་རང་སྐྱོབ་རྩལ་ནུས་ཁོང་དུ་ཆུད་པར་བྱས་ཡོད།

ད་རེས་སློབ་མ་ཚོའི་སེམས་ཁམས་ལ་ཐད་ཀར་ཟུག་པའི་ཚེ་སྲོག་བདེ་འཇགས་ཀྱི་དངོས་སྦྱོང་སློབ་ཚན་ལས་ཆིང་ཏའོ་ཡིས་རོགས་སྐྲུན་བྱས་པའི་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཚན་རིག་ཁང་དང་པོ་སྟེ། གཞིས་རྩེ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཚན་རིག་ཁང་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་ཏེ་གངས་ལྗོངས་ས་མཐོའི་གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུར་སྒུལ་ནུས་གསར་པ་སྦྱིན་པ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་ཆིང་ཏའོ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་སློབ་ཁང་འཛུགས་སྐྲུན་དང་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ཐད་ཕྱོགས་ཡོངས་ནས་གཞིས་རྩེ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཚན་རིག་ཁང་བསྐྲུན་པ་དེས་གཞིས་རྩེ་གྲོང་ཁྱེར་ལ་སློབ་མའི་ཕྱོགས་བསྡུས་ཀྱི་སློབ་ཕྱིའི་བྱང་ཚད་སློབ་གསོ་ལག་ལེན་རྟེན་གཞི་མེད་པའི་སྟོང་ཆ་གསབ་ཡོད། རྟེན་གཞི་དེས་ཚེ་སྲོག་བདེ་འཇགས་ཀྱི་སློབ་གསོ་དང་། རྒྱ་མཚོའི་ཚན་རིག་ཁྱབ་གདལ་སློབ་གསོ། སྲོལ་རྒྱུན་གྱི་རིག་གནས་སློབ་གསོ། རྒྱལ་སྲུང་སློབ་གསོ། མི་ཐབས་རིག་ནུས་སློབ་གསོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སློབ་གསོ་བཅས་ལེ་ཚན་དྲུག་གཞི་གཅིག་ཏུ་འདུས་པ་དང་གཟའ་འཁོར་རེར་མང་ཤོས་ལ་སློབ་མ ༥༠༠ ལྷག་ཙམ་ལག་ལེན་ནང་ཞུགས་ཏེ་ཤིང་བཟོ་དང་། རྫ་བཟོ། འཕྲུལ་མི་སོགས་ཁྱད་ལྡན་སློབ་ཚན ༡༧ འཚོགས་ནས་སློབ་གྲྭའི་ཕྱི་ནང་ཟུང་དུ་འབྲེལ་བའི་མཉམ་འགུལ་གྱི་བྱང་ཚད་སློབ་གསོ་གཏོང་སྟངས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

དིང་རིའི་ཡོམ་ཁུལ་གྱི་མང་ཚོཊ་ཟླ ༡༠ པར་ཁང་པ་གསར་པའི་ནང་སྡོད་ཐུབ། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས། གཞིས་རྩེས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི ༡༣༤.༥ བསྐྲུན་པ། གཞིས་རྩེ་གྲོང་ཁྱེར་དུ་ཇ༿ོ་རིའི་མང་ཚོགས་ཀྱི་ཁ་རྩལ་མཁས་པའི་༾འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་བྱས་པ།