གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝུའུ་ཧན་རིམས་འགོག་གི་འཐབ་ས་མདུན་མ་ནས་ཕུལ་བའི་ཏང་ཞུགས་རེ་འདུན་ཞུ་ཡིག

སྤེལ་དུས་: 2020ལོ་02ཟླ་17ཚེས་ 12:35 ཡོང་ཁུངས་: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཝུའུ་ཧན་གྱི་རིམས་འགོག་འཐབ་ས་མདུན་མ་ནས་ཕུལ་བའི་ཏང་ཞུགས་རེ་འདུན་ཞུ་ཡིག་ཞིག་གི་ནང་༼ངས་ཏང་གི་བཀའ་མངགས་བློ་ལ་བརྟན་པོར་བཅངས་ནས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་། ཏང་གི་བཀོད་འདོམས་ལ་ཉན་པ། རང་ནུས་གང་ལེགས་འདོན་པ་བཅས་བྱས་ཏེ་ད་རེས་ཀྱི་རོགས་སྐྱོར་ལས་འགན་གཟི་བརྗིད་ལྡན་པའི་ངང་ལེགས་སྒྲུབ་བྱ་རྒྱུ་ཡིན། ངས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུས་ཏེ་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ཆེད་ཚེ་གང་འབད་འཐབ་བྱ་རྒྱུ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན༽ཞེས་འཁོད་ཡོད།

དེ་ནི་ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་ནང་ཞུགས་མཁན་བོད་ཀྱི་རྒྱབ་སྐྱོར་པ་ཨང་དང་པོ་སྟེ་རང་ལོ ༢༣ ལ་སོན་པའི་རའོ་ཁུན་གྱིས་སྤྱི་ཟླ ༢ ཚེས ༦ ཉིན་ཝུའུ་ཧན་དུ་ཏང་རྩ་འཛུགས་ལ་གཟི་བརྗིད་ལྡན་པའི་སྒོ་ནས་ཏང་ཞུགས་རེ་འདུན་ཞུ་ཡིག་ཕུལ་བ་ཞིག་རེད།

རའོ་ཁུན་གནས་སའི་ཚན་པ་བོད་ལྗོངས་མི་རིགས་སློབ་ཆེན་གསོ་རིག་པུའི་ཏང་ཨུད་ཀྱིས་གནས་ཚུལ་དེར་ཚད་མཐོའི་མཐོང་ཆེན་བྱས་ནས། རའོ་ཁུན་དང་ཁ་པར་ཐོག་ནས་འབྲེལ་བ་ཐེངས་མང་བྱས་ཏེ། ཁོང་གི་བསམ་བློའི་སྒུལ་རྣམ་དང་ལས་ཀའི་གནས་ཚུལ་ཤེས་རྟོགས་བྱས། རའོ་ཁུན་གནས་སའི་གནས་སྐབས་ཏང་ཀྲི་པུའུ་དང་འབྲེལ་བ་ཧུར་ཐག་བྱས་ཏེ་དུས་ཐོག་ཏུ་ཏང་རྩ་འཛུགས་ལ་བསམ་བློའི་གནས་ཚུལ་སྙན་སེང་ཞུས་པ་དང་ཆབས་ཅིག རང་ཉིད་འགོག་སྲུང་ཡག་པོ་བྱས་ཏེ་བདེ་འཇགས་ངང་ཕྱིར་ལོག་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད།

རའོ་ཁུན་གྱིས་ཁོང་གི་བསམ་བློའི་སྙན་ཞུའི་ནང་བོད་ལ་སྔ་ཕྱི་བར་གསུམ་དུ་རྒྱལ་ཡོངས་ཀྱི་གོང་འོག་ཚང་མའི་རྒྱབ་སྐྱོར་ཐོབ་ནས། བོད་ལྗོངས་མི་རིགས་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་ནད་སྐྱོང་པ་ཞིག་ཡིན་པའི་རང་ཉིད་ད་རེས་ཀྱི་རོགས་སྐྱོར་ནང་ཞུགས་རྒྱུ་བྱུང་བར་སྤོབས་པ་ཆེན་པོ་སྐྱེ་གི་འདུག་ཅེས་སྐད་ཆ་དུམ་བུ་ཞིག་བྲིས་ཡོད།

དམིགས་བསལ་གྱི་དུས་སྐབས་དེར་བློ་རྩ་བརྟན་པོའི་ངང་ཏང་རྩ་འཛུགས་ནང་ཞུགས་པའི་གདམ་ག་བྱེད་དོན་ནི། རའོ་ཁུན་ལ་ཉེ་འགྲམ་གྱི་གུང་ཁྲན་ཏང་མི་ཚོའི་ཉེན་ཁར་མི་སྐྲག་པར་དཔའ་ངར་ཆེར་སྐྱེད་ངང་མདུན་དུ་སྐྱོད་པའི་སྙིང་སྟོབས་ཀྱིས་སེམས་འགུལ་ཐེབས་པ་ལས་བྱུང་བ་ཞིག་རེད།

རིམས་ནད་ལ་འགོག་རྒོལ་བྱེད་པའི་དུང་བརྡ་གྲགས་རྗེས། ཏང་ཀྲུང་དབྱང་གིས་བཀའ་ཕབ་མ་ཐག་ཏུ་གུང་ཁྲན་ཏང་ཡོན་ཚོས་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ནང་ཞུགས་རྒྱུའི་རེ་འདུན་ཞུས་ཤིང་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བའི་སྙིང་སྟོབས་དེས། མི་ཚང་མར་སེམས་འགུལ་ཐེབས་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། བོད་ལྗོངས་མི་རིགས་སློབ་ཆེན་གསོ་རིག་པུའི་ཏང་ཨུད་ཀྱིས་བྱ་སྤྱོད་ཀྱི་བཀའ་རྒྱ་བཏང་སྟེ་ཁོངས་གཏོགས་སྨན་ཁང་གི་སྨན་དོན་མི་སྣ་ཡིན་ནའང་འདྲ་ཡང་ན་གསོ་རིག་སློབ་གླིང་གི་དགེ་རྒན་དང་ལས་བཟོ་གང་ཞིག་ཡིན་རུང་ཚང་མས་ང་འགྲོ་ཁོ་འགྲོའི་ངང་ནས་རིམས་འགོག་གི་འཐབ་ས་མདུན་མར་བསྐྱོད་རྒྱུའི་རེ་འདུན་ཞུས་ཡོད། ཝུའུ་ཧན་དུ་སྐྱོད་མི་ཐུབ་པ་དང་ཧུའུ་པེར་སྐྱོད་མི་ཐུབ་རུང་ཞན་དབྱང་གྲོང་ཁྱེར་གྱི་རིམས་འགོག་གི་འཐབ་ས་མདུན་མར་བོད་ལྗོངས་མི་རིགས་སློབ་ཆེན་གསོ་རིག་པུའི་ཏང་ཡོན་དང་ལས་བཟོའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་། སྨན་ཁང་གི་ཕྱི་ནང་དུ་འཐབ་ས་དང་པོའི་རྒྱབ་ཕྱོགས་གསོ་རིག་པུའི་ལས་བཟོའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ། སློབ་གྲྭའི་རྒྱལ་སྒོ་ཆེ་མོ་དང་སྡེ་ཁུལ་གྱི་དུག་སེལ་ས་ཚིགས་སུ་གསོ་རིག་པུའི་ལས་བཟོའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་བཅས་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཏང་གི་འགོ་ཁྲིད་ལ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། ཀྲུང་ནན་ཧྲན་གྱི་སྣེ་ཁྲིད་འོག་ཁོ་ཚོས་མཉམ་དུ་ཏང་ཞུགས་དམ་བཅའ་བཞག བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།