གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སྐབས༣༤པའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་ལ་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ།

སྤེལ་དུས་: 2021ལོ་02ཟླ་07ཚེས་ 10:10 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༦ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས ༣༤ པའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་ལ་གློག་འཕྲིན་བཏང་གནང་བ་བརྒྱུད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་སྟེ། ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ནས་མཉམ་འབྲེལ་ཐོག་རང་སྟོབས་འཕེལ་བ་བྱེད་པ་དང་། གོང་འཕེལ་ཡར་ཐོན་གྱི་ལམ་བུའི་ཐོག་གྲུབ་འབྲས་གསར་པ་སྔར་བས་ལྷག་པ་ཐོབ་རྒྱུའི་སྨོན་འདུན་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། སྤྱི་ལོ ༢༠༢༠ ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ཐད་མི་རྣམས་ནས་བརྗེད་དཀའ་བའི་ལོ་ཞིག་རེད། ཀྲུང་ཧྥེ་ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་དུས་ངལ་མཉམ་སེལ་བྱས་པ་དང་། ཀྲུང་ཧྥེས་མཐུན་སྒྲིལ་ངང་རིམས་འགོག་བྱེད་པའི་དམིགས་བསལ་དབུ་ཚོགས་རྒྱལ་ཁའི་ངང་གཉེར་བ། ཀྲུང་ཧྥེའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ། ཕྱོགས་གཉིས་པོས་ཐུན་མོང་ཐོག་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ནས། འཛམ་གླིང་ཧྲིལ་པོར་ཀྲུང་ཧྥེའི་འབྲེལ་བ་ཆུ་ཚད་མཐོ་པོར་སླེབས་པ་མངོན་པ་བྱས་ཡོད། ད་ལོ། སྐབས་གསར་པའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གྲོས་ཚོགས་སའེ་ནའེ་ཅའར་སྐོང་འཚོག་བྱ་རྒྱུའི་འཆར་གཞི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་ལྷན་དུ་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ་དང་། རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བ། གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་ཧྥེ་ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་གཏིང་ཟབ་དང་དངོས་གཉེར་གྱི་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྔར་བས་དམ་ཟབ་ཀྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་མ་ལག་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱས་ནས་ཀྲུང་ཧྥེའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་ནན་སྟོན་གནང་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་རོན་ཧྥུ་ཀྲུང་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་གི་དགོངས་པ་གལ་ཆེན། ཞི་ཅིན་ཕིང་གིས་ཝུན་ཙའེ་དབྱིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་གལ་ཆེན་ཞིག རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་མཚམས་འཇོག་མི་རུང་།