གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝུའུ་དབྱིང་ཅེ་ལྷ་སར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

སྤེལ་དུས་: 2021ལོ་04ཟླ་07ཚེས་ 17:53 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༤ ཚེས ༦ ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་ལྷ་ས་མཐོ་གསར་ཁུལ་སྣེའུ་ཤར་ཟམ་ཆེན་འོག་གི་འོས་འགན་ཤིང་འཛུགས་བྱ་ཡུལ་དུ་ཕེབས་ཏེ། ལས་བྱེད་ལས་བཟོ་དང་། གྲོང་མི་མང་ཚོགས། སློབ་ཆུང་གི་དགེ་སློབ་བཅས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད།

ཝུའུ་དབྱིང་ཅེས་ཚང་མ་དང་མཉམ་དུ་ཤིང་འདེབས་བཞིན་པ།

ཝུའུ་དབྱིང་ཅེས་ལྕང་མ་འདེབས་ཞོར་ཤིང་སྣ་དང་། རྒྱུན་གཏན་གྱི་བདག་སྐྱོང་། རང་ལྗོངས་ཀྱི་ཤིང་འཛུགས་ནགས་བཟོ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་མཛེས་བཟོར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ས་བབ་མཐོ་ཚད་སྨི ༤༣༠༠ མན་གྱི་ས་ཁུལ་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པར་བྱས་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། སྤྱི་ཟླ ༤ ཚེས ༢ ཉིན་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་ནི་ཕྱི་མཛེས་མཛེས་ཙམ་མིན་པར་བདེ་ཐང་གི་ཆེད་དུ་ཡིན་པའི་བླང་བྱ་མཐའ་འཁྱོངས་བྱེད་པ། སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། དོན་ཆེན་བཞི་ཡག་པོ་སྒྲུབ་པ་དང་འགན་ལེན་བཞི་མངོན་འགྱུར་ཡོང་བར་དམ་པོར་དམིགས་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ་དང་། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་ཧུར་ཐག་གཏོད་དགོས་པ་མ་ཟད། ཆུ་ཚད་དེ་བས་མཐོ་བའི་ཐོག་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བྱ་གཞག་ལ་སྐུལ་འདེད་ཀྱང་གཏོང་དགོས། སྲུང་སྐྱོང་ཧུར་ཐག་བྱེད་པ་དང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཤིང་འཛུགས་ནགས་བཟོའི་ཚན་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། བོད་ཀྱི་དམིགས་བསལ་ས་ཁམས་དང་། གནམ་གཤིས་ཁོར་ཡུག གྲོང་ཁྱེར། ཞིང་འབྲོག་ཁུལ་སོགས་ཀྱི་དགོས་མཁོ་མི་འདྲ་བར་དམིགས་ནས་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་གྱིས་རང་ལྗོངས་ཀྱི་གནམ་གཤིས་དང་འཚམ་པ་དང་། གསོན་ཚད་མཐོ་བ། མ་གནས་དམའ་བ་བཅས་ཀྱི་ཤིང་སོན་གྱི་སྣ་ཁ་ཁྱབ་གདལ་གཏོང་དགོས། གྲོང་ཚོའི་འགྲམ་དང་། ལམ་གྱི་འགྲམ། ཞིང་ཁའི་འགྲམ། ཆུའི་འགྲམ་བཅས་འགྲམ་བཞིར་ཤིང་འཛུགས་བྱེད་སྒོ་ཡག་པོ་སྤེལ་ཏེ། གནམ་གྲུས་སོན་འདེབས་ནགས་བཟོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་ལྗོངས་ཀྱི་ཤིང་འབྲས་སྡོང་པོའི་སྣ་ཁ་ཞན་འགྱུར་སོགས་གནད་དོན་ཞིབ་འཇུག་གིས་ཐག་གཅོད་ཡག་པོ་བྱེད་དགོས། མི་ཚང་མས་ལྗོན་ཤིང་ལ་དགའ་ཞེན་དང་། ལྗོན་ཤིང་འདེབས་པ། ལྗོན་ཤིང་སྲུང་སྐྱོང་བཅས་བྱེད་པའི་ཤེས་དཔལ་དར་སྲོལ་དར་སྤེལ་བཏང་སྟེ། མང་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་ཁྲིད་དང་སྒྲིག་འཛུགས་ཧུར་ཐག་བྱས་ནས་མང་ཚོགས་ལ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་གསར་བརྗེའི་རིག་དངོས་ལས་དོན་ཐད་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས་འདི་དཔེ་སྐྲུན་བྱས་འདུག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱབ་ཤ་དཀར་པོའི་དེབ་ཅིག་བཀྲམ་འདུག ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། གྲོང་སྡོད་རུ་མི་ཚང་མ་ནི་དཔེ་མི་སྲིད་པའི་ཡག་པོ་རེད།