གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ལྗོངས་ཡོངས་ཀྱི་ཁག་དང་པོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོཌ་འདུ་འཚོཌ།

སྤེལ་དུས་: 2021ལོ་04ཟླ་08ཚེས་ 16:15 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༦ ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་ཀྱི་ཁག་དང་པོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་གྲོལ་མ་ཐག རང་ལྗོངས་ཀྱིས་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་ལྗོངས་ཡོངས་ཀྱི་ཁག་དང་པོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ཏེ། ཞིབ་བཤེར་བཅོས་སྒྲིག་གི་ལྷུ་ཚིགས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ལྗོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

图片

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཆབ་སྲིད་ཐོག་ནས་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཉེན་རྟོག་པ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་ཞིག་ཡིན་པས། དེ་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དང་ཡང་འབྲེལ་བ་ཡོད།

ཝུའུ་དབྱིང་ཅེས་གསུངས་དོན། དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས། རང་ལྗོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གིས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། མི་རིགས་མཐུན་སྒྲིལ། མཐའ་མཚམས་བརྟན་ལྷིང་། སྤྱི་ཚོགས་དྲང་གཞག་དྲང་བདེན་བཅས་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་འཁུར་བཞིན་ཡོད། ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱ་རྒྱུ་ནི་སྲིད་ཁྲིམས་ལས་དོན་གྱི་རྩ་བ་དང་བླ་སྲོག་ལྟ་བུ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་གསོ་བཅོས་སྒྲིག་ལས་དོན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་པོར་དམིགས་ཏེ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་འཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ཏེ། རྒྱ་ཆེའི་སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་པ་ཚོས་རང་སོའི་ལས་གནས་ཐོག་ནུས་པ་བཏོན་ཏེ་དངོས་སྒྲུབ་ལས་རྗེས་ཐོག་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་རྣམ་པ་བཟང་པོར་གཅེས་སྤྲས་དང་། སྲུང་སྐྱོང་། སྲ་བརྟན་དུ་གཏོང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་དམིགས་པ་དང་ཞབས་ཞུར་བརྟེན་ནས་དོ་དམ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། ཡ་རབས་ཁྲིམས་འཛིན་དང་། ཁྲིམས་བཞིན་ལས་སྒྲུབ། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་དགོས་པ། སྤྱི་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སློབ་གསོ་བཅོས་སྒྲིག་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། དེ་བས་གསུམ་གྱི་ཆེད་དོན་སློབ་གསོ་དང་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱེད་པ་དང་། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་དང་ཀྲུང་དབྱང་སྐོར་གཟིགས་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས། སློབ་གསོ་བཅོས་སྒྲིག་དེ་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་དང་སྲིད་ཁྲིམས་དཔུང་ཁག་གི་གཟུགས་བརྙན་ལེགས་སུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བ་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་གསར་བརྗེའི་རིག་དངོས་ལས་དོན་ཐད་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས་འདི་དཔེ་སྐྲུན་བྱས་འདུག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱབ་ཤ་དཀར་པོའི་དེབ་ཅིག་བཀྲམ་འདུག ཝུའུ་དབྱིང་ཅེ་ལྷ་སར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས།