༼སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་མཛད་དེ་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་པ་༽ཞེས་པ་དེ་ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དུས་རབས་གསར་པའི་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་ཇི་མ་ཇི་བཞིན་དང་གསོན་ཉམས་ལྡན་པའི་སྒོ་ནས་ཟིན་ཐོར་འགོད་ཆེད། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་རྒྱ༿ལ་ཁབ་སྲིད་འཛིན་སློབ་གླིང་༾ཡིས་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཞེས་པའི་ངག་བརྗོད་དཔྱད་ཡིག་འཚོལ་ཞིབ་ཐོ་འགོད་དང་ལེགས་སྒྲིག་བྱེད་པའི་ལས་དོན་རབ་དང་རིམ་པ་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་ནས་སྤེལ་ཡོད་ཅིང་། ཐོག་མར་སྤེལ་བ་ནི་དབུལ་སྒྲོལ་འགག་གཏོར་གྱི་ངག་བརྗོད་བགྲོ་གླེང་ཡིན།
དུས་རབས་གསར་པ་ཤར་ཚུན། དབུལ་སྒྲོལ་ཐུབ་པར་བྱེད་པའི་འཛམ་གླིང་གི་དཀའ་གནད་འདིའི་མདུན་དུ། ཀྲུང་གོ་གུང་ཁྲན་ཏང་གིས་དབུལ་ཕོངས་དབུལ་ནག་མེད་པར་བཟོ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་འགྲུབ་བྱས་ཏེ། མི་དམངས་འདོད་བློ་ཚིམས་པ་དང་འཛམ་གླིང་ཡོངས་ནས་དོ་ཁུར་བྱེད་པའི་དུས་རབས་ཀྱི་དྲིས་ལན་ཞིག་ཕུལ་ཡོད། དེབ་འདིའི་ནང་མཚོན་བྱེད་རང་བཞིན་གྱི་དོན་རྐྱེན་དང་འཐུས་ཚབ་རང་བཞིན་གྱི་མི་སྣ་གཙོ་བོར་བྱས་ཏེ། མྱོང་བརྒྱུད་པའི་གཏམ་གླེང་བརྒྱུད་ཀློག་པ་པོ་རྣམས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་དབུལ་ཕོངས་དབུལ་ནག་ལས་གྲོལ་བའི་ལོ་རྒྱུས་ཀྱི་དོན་དངོས་མཚོན་པར་བྱས་པ་དང་། དབུལ་སྒྲོལ་འགག་གཏོར་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་དང་ཞུན་བརྡར་བྱས་ཏེ་བྱུང་བའི་དབུལ་སྒྲོལ་འགག་གཏོར་གྱི་སྙིང་སྟོབས་གསོན་ཉམས་དོད་པོས་མཚོན་པར་བྱས་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་མངོན་པར་བྱས་ཡོད། དེབ་འདི་དཔེ་སྐྲུན་བྱས་པ་དེས་ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུར་རྩ་ཆེའི་རྒྱུ་ཆ་མཁོ་འདོན་བྱས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་སེལ་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་ཆེད་ལོ་རྒྱུས་ཀྱི་ཡིག་ཆ་རྩ་ཆེན་མཁོ་འདོན་བྱས་ཡོད་པ། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་རྒྱུར་རྩ་ཆེའི་ཐོན་ཁུངས་མཁོ་འདོན་བྱས་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་གཏིང་ཟབ་ཟུག་པ་བྱ་རྒྱུར་གསོན་ཉམས་ལྡན་པའི་བསླབ་གཞི་མཁོ་འདོན་བྱས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་སོགས་ནས་འགན་སྒྲུབ་སྙན་ཞུ་ཕུལ་བ། ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཚི་དང་མཇལ་འཛོམས་གནང་བ། ༼ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་རྣམ་བཤད་གནད་བསྡུས༽དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཝང་ཅུན་ཀྲེང་གིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་ལོ་གསར་དགའ་གཏོང་གནང་བ། ཝང་ཅུན་ཀྲེང་གིས་དུས་ཆེན་རིང་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ།