ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སློབ་ཆེན་བཞིའི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས།
ནུབ་སྤོས་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ།
འཕྲིན་ལན།
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་དགེ་སློབ་ཡོངས་ལ།
འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོ་མཐོ་སློབ་བཞི་རྩ་བ་གཅིག་ཏུ་སྦྲེལ་ཡོད། ད་ལོ་སློབ་གྲྭ་བཙུགས་ནས་ལོ་ངོ་ ༡༣༠ འཁོར་བར་མཉམ་དུ་བསུ་བ་ཞུ་བའི་སྐབས་སུ་དགེ་སློབ་དང་ལས་བཟོ་ཡོངས་དང་དེ་བཞིན་རྒྱ་ཆེའི་སློབ་གྲོགས་ཡོངས་ལ་རྟེན་འབྲེལ་ཞུ་གི་ཡིན།
ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་གཉེར་དོན་གཉེར་དང་དངོས་སྒྲུབ་ལས་གཉེར་གྱི་སློབ་གཉེར་དམིགས་ཡུལ་མཐའ་འཁྱོངས་བྱེད་པ་དང་། ནུབ་སྤོས་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་པ། ཚན་རྩལ་རང་བརྟེན་གསར་གཏོད་དང་ཤེས་ལྡན་པའི་རང་བརྟེན་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་དེ་བས་མང་བ་མངོན་འགྱུར་བཅས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་།
༢༠༢༦ ལོའི་ཟླ ༤ ཚེས ༧ ཉིན།
ཤ༿ིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༤ ཚེས ༧ ཉིན་འབྱོར་བའི་གློག་འཕྲིན༾
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༤ ཚེས ༧ ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སློབ་གྲྭའི་འཕེལ་རྒྱས་ཐད་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཚོ་མཐོ་སློབ་བཞི་རྩ་བ་གཅིག་ཏུ་སྦྲེལ་ཡོད། ད་ལོ་སློབ་གྲྭ་བཙུགས་ནས་ལོ་ངོ་ ༡༣༠ འཁོར་བར་མཉམ་དུ་བསུ་བ་ཞུ་བའི་སྐབས་སུ་དགེ་སློབ་དང་ལས་བཟོ་ཡོངས་དང་དེ་བཞིན་རྒྱ་ཆེའི་སློབ་གྲོགས་ཡོངས་ལ་རྟེན་འབྲེལ་ཞུ་གི་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་གཉེར་དོན་གཉེར་དང་དངོས་སྒྲུབ་ལས་གཉེར་གྱི་སློབ་གཉེར་དམིགས་ཡུལ་མཐའ་འཁྱོངས་བྱེད་པ་དང་། ནུབ་སྤོས་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་པ། ཚན་རྩལ་རང་རྟེན་གསར་གཏོད་དང་ཤེས་ལྡན་པའི་རང་རྟེན་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་དེ་བས་མང་བ་མངོན་འགྱུར་བཅས་བྱས་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ནི ༡༨༩༦ ལོར་བཙུགས་པའི་དེ་སྔའི་ནན་དབྱང་སྤྱི་པའི་སློབ་གྲྭ་དང་པེ་དབྱང་ལྕགས་ལམ་གཞུང་གཉེར་སློབ་གྲྭ་དང་ ༡༩༠༩ ལོར་བཙུགས་པའི་ལྕགས་ལམ་དོ་དམ་ཁྲིད་སྦྱོང་ཁང་བཅས་ཡིན་པ་དང་ ༡༩༢༡ ལོར་ཟླ་སྒྲིལ་བཏང་ནས་འགྲིམ་འགྲུལ་སློབ་ཆེན་བཙུགས་པ་རེད། ཉེ་ཆར། འགྲིམ་འགྲུལ་སློབ་ཆེན་བཞི་ཡི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ལོ ༡༣༠ ཡི་རིང་གི་སློབ་གྲྭའི་འཕེལ་རིམ་དང་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུརྒྱ༿་ཆེ༾གཙོ་སྐྱོང་གནང་བ།