སྤྱི་ཚེས ༢༠ ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་པ་ཡོངས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། རང་ལྗོངས་སུ་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ། རང་ལྗོངས་ཀྱི་སྤྱི་ལོ ༢༠༢༠ ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་འོས་སྦྱོར་དཔྱད་འདེམས་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་བཅས་རེད།
ཚོགས་ར།
ཚོགས་འདུའི་ཐོག་དུས་མཚམས་གོང་མའི་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་རང་ངོས་ཀྱི་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གནད་སྨིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འགོད། བརྟན་ལྷིང་གི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བཅས་བྱེད་པའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས་པ།
རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་པ་དེ་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་མ་ཐེབས་པ་བྱེད་པའི་ཐབས་ཇུས་ལ་གཞིགས་ནས། རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འགག་སྒོའི་འཕྲོད་བསྟེན་གྱི་ནད་ཡམས་ཞིབ་བཤེར་དང་མཐའ་མཚམས་ས་ཁུལ་གྱི་ལམ་འགག་གཙོ་བོ་དང་ལམ་ཆུང་སོགས་སུ་ལས་རེས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། མངའ་ཁོངས་ཕྱིའི་རིམས་ནད་འགོ་བའི་ཉེན་ཁར་ཁ་གཏད་གཅོག་པའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཐོག འདུ་འཛོམས་ལ་བཀག་འགོག་བྱས་ནས་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་སེལ་དགོས་པ།
ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་བརྟན་པོ་དྲུག་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་བརྟན་པོའི་རྨང་གཞིའི་ཐོག་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ། གྲོང་མིའི་ལས་ཞུགས་འགན་ལེན་དང་། གཞི་རྩའི་དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན། ཐོན་ལས་འཁོར་སྦྲེལ་གྱི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བའི་འགན་ལེན། གཞི་རིམ་གྱི་འཁོར་རྒྱུག་འགན་ལེན་བཅས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐུགས་གྲ་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་དེ་རེད།
ཚོགས་འདུའི་ཐོག་བསྟན་གནང་དོན། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་ནས་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་བསལ་བ་དང་། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་སྟངས་ལ་བརྟེན་ནས། སློབ་གྲྭ་དང་། དགོན་སྡེ། རིག་དངོས་དང་རིག་གནས་དངོས་མང་སྟོན་ཚོགས་ཚན་པ། བཟོ་གཏེར་ཁེ་ལས། གཞུང་ལམ་འགྲིམ་འགྲུལ་བཅས་སུ་ལྐོག་བཤེར་ལྐོག་འདྲི་དང་ལེབ་བཤེར་བྱས་ནས་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས་པ་དང་།
བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་འདོམས་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས་པ།
འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་མཐའ་འཁྱོངས་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ།
བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་ཁྱབ་གདལ་བཏང་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མེ་ཟོན་དང་། ཡོམ་འགོག འབྲུབ་འགོག་སོགས་ཀྱི་སློབ་གསོ་བརྒྱབ་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ཤེས་བྱ་དང་འཕྲལ་སྡོམ་ཉེན་གཡོལ་གྱི་རྩལ་ནུས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས་པ་བཅས་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་སྣོད་བཅུད་སྲུང་སྐྱོང་ལ་རྟོག་ཞིབ་གནང་བ། ཝུའུ་དབྱིང་ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་དུ་བརྟག་ཞིབ་གནང་སྐབས་རླབས་ཆེན་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་སྲ་བརྟན་དུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་མི་དམངས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བྱེད་དགོས་ཞེས་ནན་གསུང་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་བ། ཝུའུ་དབྱིང་ཅེས་ལ་ཀླུང་མང་པོ་བརྒྱབ་ནས་མཐའ་མཚམས་གྲོང་ཚོ་དེར་ཕེབས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ།