ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་རི་ལྡེབས་ནགས་བཟོ་དང་། རི་ལྡེབས་ཉམས་བཟོ། གནམ་གྲུས་སོན་འདེབས་ནགས་བཟོ་སོགས་རྣམ་གྲངས་ལག་ལེན་བསྟར་ཡུལ་དུ་ཕེབས་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་བ།
སྤྱི་ཚེས ༡༠ ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་རི་ལྡེབས་ནགས་བཟོ་དང་། རི་ལྡེབས་ཉམས་བཟོ། གནམ་གྲུས་སོན་འདེབས་ནགས་བཟོ་སོགས་རྣམ་གྲངས་ཁུལ་དུ་ཕེབས་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ཝུའུ་དབྱིང་ཅེས་བུམ་པ་རིའི་ནགས་བཟོ་སྔོ་འགྱུར་ལས་གྲྭར་ཕེབས་ནས་ནགས་བཟོ་སྔོ་འགྱུར་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ།
ལྷ་ས་གྲོང་ཁྱེར་གྱིས་ད་ལོའི་ནགས་བཟོར་སྔོན་ལ་ནགས་བཟོ་དང་རྗེས་སུ་ཁ་གསབ་ཀྱི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་ཏེ་ནགས་བཟོ་མུའུ ༡༧༠༤ བྱ་རྩིས་འདུག ཝུའུ་དབྱིང་ཅེས་དང་ཐོག་བུམ་པ་རིའི་ནགས་བཟོ་སྔོ་འགྱུར་ལས་གྲྭར་ཕེབས་ནས་རྣམ་གྲངས་ཀྱི་འཕེལ་རིམ་ལ་མཁྱེན་རྟོགས་གནང་བ་དང་། རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད། དེ་སྔའི་གད་སྙིགས་སྦས་ས་ད་ཆ་སྔོ་ཁེབས་སུ་གྱུར་ནས་སྣོད་བཅུད་སླར་གསོ་ཡག་པོ་བྱུང་བ་གཟིགས་སྐབས། ཁོང་གིས་ཉམས་མྱོང་ལ་སྔར་བས་ཕྱོགས་སྡོམ་ཡག་པོ་བྱས་ཏེ། ཆ་རྐྱེན་ཡོད་སར་གདོད་མའི་སྔོ་ཁེབས་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་སླར་གསོ་བྱེད་པའི་སྔོན་འགྲོའི་འོག་ས་སྟོང་ཡོད་ཚད་དུ་ལྗོན་ཤིང་བཙུགས་ཏེ་གྲོང་ཁྱེར་མཐའ་འཁོར་གྱི་རི་ལྡེབས་སུ་སྔོ་འགྱུར་ལས་དོན་སྤེལ་བར་སྐུལ་འདེད་གཏོང་དགོས། ཕུགས་ལ་དམིགས་པ་དང་ཡུལ་བབ་དང་བསྟུན་ནས་བོད་ཀྱི་དམིགས་བསལ་ས་ཁམས་དང་གནམ་གཤིས་ཁོར་ཡུག་དང་། གྲོང་ཁྱེར་དང་ཞིང་འབྲོག་ཁུལ་གྱི་དགོས་མཁོ་མི་འདྲ་བར་དམིགས་ནས། སྡོང་ཕྲུག་གནད་སྨིན་འདེམས་གསོ་དང་། ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན། རྗེས་མཐུད་ཀྱི་བདག་སྐྱོང་ལ་ཤུགས་སྣོན་བཅས་བརྒྱབ་ནས་ལྗོན་ཤིང་གསོན་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་ཞེས་བསྟན་གནང་ཡོད།
ཝུའུ་དབྱིང་ཅེས་ལྷ་ཀླུའི་རི་ལྡེབས་ཀྱི་སྣོད་བཅུད་ཉམས་བཟོ་བྱ་ཡུལ་དུ་སྣོད་བཅུད་ཉམས་བཟོའི་གནས་ཚུལ་མཁྱེན་རྟོགས་གནང་བ།
ལྷ་སའི་ལྗང་མདོག་གིས་གྲོང་ཁྱེར་བསྐོར་བའི་ལྷོ་བྱང་རི་བོའི་སྣོད་བཅུད་སླར་གསོ་ནགས་བཟོའི་ལས་གྲྭའི་བྱང་རིའི་ནགས་བཟོའི་ས་ཚིགས་དེ་ལྷ་ཀླུ་འདམ་རའི་འགྲམ་དུ་གནས་པ་དང་། སྤྱི་ལོ ༢༠༡༨ ལོར་ལག་བསྟར་བྱས་ཚུན། མུའུ ༦༥༠ ལྷག་ཙམ་གྱི་སྡོང་ཕྲུག་བཙུགས་པ་དང་རི་རྒྱ་བསྡམས་ནས་ནགས་གསོ་མུའུ ༢༠༠༠ བྱས་ཡོད། ཝུའུ་དབྱིང་ཅེས་རི་ལྡེབས་བརྒྱུད་ནགས་བཟོ་བྱ་ཡུལ་དུ་ཕེབས་སྐབས། དེ་གར་རྒྱ་ཤུག་དང་། ཚོས་སེར་སྡོང་པོ། གསོམ་ཤིང་སོགས་ལྗོན་ཤིང་སྣ་ཚོགས་སྐྱེ་འཚར་ཡག་པ་དང་ནགས་བཟོ་སྔོ་འགྱུར་གྱི་ཕན་འབྲས་ཡག་པོ་ཡོད་པ་གཟིགས་སྐབས། ཁོང་གིས་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི་བསམ་བློ་བརྟན་པོར་བཙུགས་ཏེ། རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་བརྟན་པོ་བཏང་ནས།རི་སྔོ་ཆུ་དྭངས་དང་ཁྱད་ཆོས་མངོན་གསལ་དོད་པའི་ས་མཐོའི་མཛེས་ལྗོངས་ཤིག་གཏོད་པ་དང་། མང་ཚོགས་ཚོར་སྣོད་བཅུད་འཛུགས་སྐྱོང་ལ་ཞུགས་པར་སྐུལ་ཁྲིད་དང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱིས་སྣོད་བཅུད་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་གསུང་གནང་བ་རེད།
ཝུའུ་དབྱིང་ཅེས་ཞབས་ཐང་མར་གནམ་གྲུས་སོན་འདེབས་ནགས་བཟོའི་སྡོང་ཕྲུག་སྐྱེ་འཚར་བྱུང་ཚུལ་ལ་གཟིགས་པར་ཕེབས་པ།
ད་ལོའི་སྤྱི་ཟླ ༦ ཚེས ༩ ཉིན། རང་ལྗོངས་ཀྱིས་རི་ཐང་དུ་གནམ་གྲུས་སོན་འདེབས་ནགས་བཟོའི་ཚོད་ལྟ་ཐོག་མར་བྱེད་འགོ་བཙུགས་ཤིང་། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་མུའུ་ཁྲི ༢༡.༨ ལ་གནམ་གྲུས་སོན་འདེབས་ནགས་བཟོ་བྱས་པ་རེད། གནམ་གྲུས་སོན་འདེབས་ནགས་བཟོའི་ཕན་འབྲས་གང་འདྲ་བྱུང་མིན་ཐད་ཝུའུ་དབྱིང་ཅེས་དོ་ཁུར་ཆེན་པོ་གནང་ནས། སྣེའུ་ཁུལ་གསར་གྱི་རྩྭ་འདེབས་ཁུལ་དུ་ཕེབས་ཏེ་གནམ་གྲུས་སོན་འདེབས་ནགས་བཟོའི་སྡོང་ཕྲུག་སྐྱེ་འཚར་བྱུང་ཚུལ་ལ་ཆེད་མངགས་གཟིགས་པ་རེད། ཝུའུ་དབྱིང་ཅེས། གནམ་གྲུས་སོན་འདེབས་ནགས་བཟོ་བྱས་པ་དེས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་པས། རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་ངོས་འཛིན་ཟབ་ཏུ་གཏོང་བ་དང་འགོ་ཁྲིད་དང་། གཞོགས་འདེགས། དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་ནས་གནམ་གྲུས་སོན་འདེབས་ནགས་བཟོའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། སྣོད་བཅུད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་གཅིག་གྱུར་མཐའ་འཁྱོངས་དང་། རང་བྱུང་ཁོར་ཡུག་ཡག་པོ་དང་གདོད་མའི་སྣོད་བཅུད་ཀྱི་རི་ཆུའི་མཛེས་ལྗོངས་ལ་བརྟེན་ནས་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་རྣམ་གྲངས་ཁག་གཅིག་འཆར་འགོད་དང་གཏོད་པ། ཡུལ་སྐོར་བས་བོད་ཀྱི་རིག་གནས་མྱོང་རོལ་དང་ས་མཐོའི་སྣོད་བཅུད་མྱོང་རོལ་བྱ་རྒྱུ་ཕུན་སུམ་ཚོགས་སུ་དང་རིམ་སྤོར་བཅས་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་སྟབས་བདེ་ས་དང་ཐག་ཉེ་སར་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་ཁྲིད་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཀྱིས་སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རིར་དངོས་སུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད།།
ལྷ་སའི་བྱང་རིའི་སྐྱེད་ཚལ་གླིང་དུ་ལས་མིས་རྩྭ་འབྲེག་བཞིན་པ།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་ཀྲུང་ཧྥེའི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ། ཝུའུ་དབྱིང་ཅེས་ཀྲོའུ་ཅང་ཡུང་བཅས་པ་དང་བཞུགས་མོལ་གནང་བ། ཝུའུ་དབྱིང་ཅེས་པཎ་ཆེན་རིན་པོ་ཆེ་དང་མཇལ་འཛོམས་གནང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ།