གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

​ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བོད་དུ་ཕེབས་འདུག

སྤེལ་དུས་: 2021ལོ་04ཟླ་01ཚེས་ 18:23 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་དང་པོའི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ ༡༤ པ་བོད་དུ་འབྱོར་ཞིང་། དུས་ཡུན་ཟླ་བ་གསུམ་རིང་ལྟ་སྐུལ་མཛུབ་ཁྲིད་བྱེད་མཁན་རེད། སྤྱི་ཚེས ༣༠ ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ ༡༤ པའི་ཙུའུ་ཀྲང་ལི་ཅཱ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་དང་ཐུག་འཕྲད་མཐུན་སྦྱོར་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བརྒྱུད་བསྒྲགས་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་འགན་དང་བཀོད་སྒྲིག་བརྡ་ཁྱབ་བཏང་ཞིང་། དེ་རྗེས་འཚོགས་པའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་གྱི་སྙན་སྒྲོན་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་བ་རེད། ཝུའུ་དབྱིང་ཅེས་རྣམ་འགྱུར་སྟོན་པའི་གསུང་བཤད་གནང་བ་རེད།

ལི་ཅཱ་ཡིས་སྙན་སྒྲོན་ཚོགས་འདུར་གསུང་བཤད་གནང་བཞིན་པ།

ལི་ཅཱ་ཡིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ས་གནས་དེ་གའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་བྱེད་པོའི་འགན་འཁྲི་ཕྲག་ཏུ་འཁུར་དགོས་པ་དང་། ཏང་ཨུད་ཀྱི་ཧྲུའུ་ཅི་ནི་འགན་འཁྲི་བ་ཨང་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ལས་དོན་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཆབ་སྲིད་ཀྱི་སློབ་གསོ་དང་། ཉེན་བརྡ་གཏོང་བའི་སློབ་གསོ། དཔའ་བོ་དཔེ་བཟང་གི་སློབ་གསོ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སློབ་གསོ་བཅོས་སྒྲིག་དང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཟུང་འབྲེལ་ནུས་ལྡན་དང་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དམིགས་སར་འབྱོར་བའི་འགན་ལེན་བྱེད་དགོས་པ། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས༼རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར༽གྱི་བླང་བྱ་གཞིར་བཟུང་། ཁ་ཕྱོགས་ལ་སྟངས་འཛིན་བྱེད་པ་འགན་འཁྲི་གཙོ་བོར་བཟུང་བ་དང་། ཞིབ་བཤེར་ཡོ་བསྲང་དང་དག་ཐེར་འགག་རྩའི་ལྷུ་ཚིགས་སུ་བྱས་ཏེ། འགན་འཁྲི་དོན་འཁྱོལ་དང་། གནད་དོན་ཞིབ་བཤེར་ཐག་གཅོད། ཐག་གཅོད་དཀའ་བའི་གནད་དོན་བཅོས་སྒྲིག སྒྲིག་སྲོལ་ལམ་སྲོལ་བཟོ་བ། ལས་ཆོད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཕྱོགས་ལྔ་ལ་དམིགས་ནས། ཐབས་ལམ་མང་པོ་དང་ཕྱོགས་མང་པོ་ནས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་ཏེ་གཙོ་གནད་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་ཁྲིམས་ཚན་པའི་ཏང་ཙུའུ༼ཏང་ཨུད༽ཡིས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། གཞོགས་འདེགས་དམ་ཟབ་དང་ཕྱར་བ་གྲུ་འདེགས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་མཉམ་དུ་ཏང་ཀྲུང་དབྱང་གིས་སྒྲུབ་རྒྱུར་སྤྲད་པའི་སློབ་གསོ་བཅོས་སྒྲིག་གི་ལྟ་སྐུལ་མཛུབ་ཁྲིད་ལས་འགན་ལེགས་པར་གྲུབ་ཐུབ་པའི་རེ་བ་ཡོད།

ཝུའུ་དབྱིང་ཅེས་སྙན་སྒྲོན་ཚོགས་འདུར་གསུང་བཤད་གནང་བཞིན་པ།

ཝུའུ་དབྱིང་ཅེས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ནས། གཞོགས་འདེགས་དང་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་བླང་བྱར་ནན་པོར་གཞིགས་ནས་དུས་ཐོག་ཏུ་དག་ཐེར་བྱེད་པར་དམ་འཛིན་ཡག་པོ་བྱས་ཏེ། ལྟ་སྐུལ་མཛུབ་ཁྲིད་ཀྱི་གྲུབ་འབྲས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱེད་དགོས། ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཀྱིས་སྒུལ་ཤུགས་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སློབ་གསོ་བཅོས་སྒྲིག་དང་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ་དང་ཟུང་འབྲེལ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་དགོས་པའི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པའི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་བཅས་བྱས་ཏེ། རང་ལྗོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ལས་དོན་ཚད་གཞི་མཐོ་པོ་དང་སྤུས་ཚད་ལེགས་པོས་སྤེལ་བ་དང་། ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྲ་རྫོང་དང་ཧྥུ་ཀྲའུ་རུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། བོད་ཀྱི་ས་ཆ་ཁག་ཏུ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་འཚོགས། ཚོགས་འདུ་འདིའི་ཐོག་གནད་དོན་མང་པོར་ནན་བཤད་གནང་འདུག