གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝུའུ་དབྱིང་ཅེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ནན་གྱིས་གསུངས་དོན།

སྤེལ་དུས་: 2021ལོ་04ཟླ་09ཚེས་ 15:38 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༧ ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་སྦྱོང་ལྟ་སྐུལ་པ་ཧུང་ཤང་ཧྭ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་དམིགས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ་རེད།

ཚོགས་ར།

ཝུའུ་དབྱིང་ཅེས་ཕྱོགས་སྡོམ་གྱི་གསུང་བཤད་གནང་སྐབས་ནན་གསུང་གནང་དོན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་དང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། སྦྱངས་པ་གོ་ཆོད་པ་བཅས་མཐའ་འཁྱོངས་བྱ་རྒྱུ་དེ་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་བརྩིས་ནས། བརྩེ་སེམས་འཆང་བཞིན་སློབ་སྦྱོང་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ། རང་ཉིད་ལ་བལྟོས་ནས་སློབ་སྦྱོང་བྱེད་པ། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་དང་ལག་ལེན་དང་། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གནས་བབ་དང་། ཕུན་སུམ་ཚོགས་པའི་ནང་དོན། དགོངས་དོན་གྱི་ངོ་བོ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། ཁ་གསལ་བརྒྱད་ཀྱི་ནང་དོན་གཙོ་བོ་དང་མཐའ་འཁྱོངས་བཅུ་བཞི་ཡི་གཞི་རྩའི་ཐབས་ཇུས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་བརྗིད་ཆེའི་དམིགས་ཚད་དང་། ལས་འགན་གཙོ་བོ། ལས་དོན་གྱི་བླང་བྱ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ། དགོངས་དོན་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་སེམས་ཟབ་མོ་གཏིང་ཟབ་ཚོར་བར་བྱེད་པ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅིར་མིག་ལྟོས་བྱེད་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བཅས་བྱས་ནས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ངང་དད་པ་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་དགོངས་པ་ལག་ལེན་བསྟར་མཁན་ཞིག་བྱེད་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན།རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་སྒྲུབ་མཁན་གྱིས་སེམས་ལ་གདེང་ཚོད་ཡོད་པར་བྱེད་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དོན་ཆེན་ལ་བརྩི་བ་དང་། མི་དམངས་གཙོ་བོར་འཛིན་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་རྩ་བར་འཛིན་པ་བཅས་མཐའ་འཁྱོངས་བྱས་ནས། རང་རྟོགས་ངང་སྤྱི་ཡོངས་ལ་གཞིགས་ཏེ་བསམ་བློ་གཏོང་བ་དང་བྱ་སྤྱོད་སྤེལ་བ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་ལེན་བསྟར་བ་བཅས་བྱས་ཐོགཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། དོན་ཆེན་བཞི་དམ་འཛིན་ཡག་པོ་བྱེད་པ། འགན་ལེན་བཞི་བློ་བརྟན་འགྱུར་མེད་ངང་མངོན་འགྱུར་བཅས་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པ་སྟེ།

ཚོགས་ར།

གཅིག་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་དགོས།

གཉིས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས།

གསུམ་ནས་བློ་བརྟན་འགྱུར་མེད་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས།

བཞི་ནས་བློ་བརྟན་འགྱུར་མེད་ངང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

ལྔ་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

དྲུག་ནས་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།

བདུན་ནས་བློ་བརྟན་འགྱུར་མེད་ངང་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས།

བརྒྱད་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་དགོས།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་གྱི་འཐུས་མི་དང་མཇལ་འཕྲད་གནང་བ། ལྗོངས་ཡོངས་ཀྱི་ཁག་དང་པོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོཌ་འདུ་འཚོཌ། ཝུའུ་དབྱིང་ཅེ་ལྷ་སར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།