གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

རང་ལྗོངས་ཀྱིས་ཏོག་གསར་རིམས་འགོག་སྔོན་ཐོན་པར་གཟེངས་བསྟོད་བྱས་འདུག

སྤེལ་དུས་: 2021ལོ་04ཟླ་12ཚེས་ 12:03 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཝུའུ་དབྱིང་ཅེས་གཟེངས་བསྟོད་ཐོབ་མཁན་ལ་བྱ་དགའ་གནང་བཞིན་པ།

སྤྱི་ཟླ ༤ ཚེས ༩ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་རིམས་འགོག་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱས་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྔར་བས་སྐུལ་སློང་དང་ལྕག་སྐུལ་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་ཞུགས་པ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་འབད་འཐབ་ལྷོད་མེད་བྱ་རྒྱུ་དེ་ཡིན་པ་རེད།

གཟེངས་བསྟོད་ཚོགས་ཆེན་གྱི་ཚོགས་ར།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་དང་། ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི་བཅས་ལ་བྱ་དགའ་གནང་བ་རེད།

གཟེངས་བསྟོད་ཚོགས་ཆེན་གྱི་ཚོགས་ར།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ནས་དམག་འཐབ་ཆེན་པོ་དེའི་ནང་དངོས་སུ་ཞུགས་མཁན་དང་། འབད་འཐབ་བྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། བོད་ཀྱི་རིམས་འགོག་འཐབ་རྩོད་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་མཁན་རིམ་པ་ཁག་དང་ཕྱོགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། ད་ལྟ་སྔར་མུས་བཞིན་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་རྒྱ་ཆེའི་རིམས་འགོག་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

གཟེངས་བསྟོད་ཚོགས་ཆེན་གྱི་ཚོགས་ར།

ཝུའུ་དབྱིང་ཅེས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཁས་མཛངས་ལྡན་པའི་ཇུས་འགོད་དང་ཐབས་ཇུས་ཞིབ་ཚགས་བཏིང་གནང་བ་དང་། རྒྱལ་ཡོངས་གོང་འོག་ཚང་མས་ཀུན་སེམས་གཅིག་སྒྲིལ་དང་བློ་སེམས་གཅིག་མཐུན་གྱིས་རིམས་འགོག་བྱས་པས་རྒྱལ་ཡོངས་ཀྱི་རིམས་འགོག་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། དེ་ལས་རང་རེའི་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཆེན་པོ་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་དམངས་ཚོས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཀའ་ངལ་ཁྱད་བསད་དང་འབད་འབུངས་མདུན་སྐྱོད་བྱེད་པའི་གདེང་ཚོད་དང་ཆོད་སེམས་འཕེལ་བར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

གཟེངས་བསྟོད་ཚོགས་ཆེན་གྱི་ཚོགས་ར།

ཝུའུ་དབྱིང་ཅེས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ནས་དམིགས་བསལ་གྱི་བྱེད་ཐབས་ལ་བརྟེན་ཏེ་དམིགས་བསལ་གྱི་བྱ་བར་ཁ་གཏད་བཅག་ནས་དུས་ཚོད་དམ་འཛིན་གྱིས་ནད་གདོན་དང་འཐབ་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ། ཕྱོགས་ཡོངས་ནས་འབྱོར་འབྲིང་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་དང་ལྗོངས་ཡོངས་ཀྱི་མི་དམངས་ལ་གཟེངས་སུ་ཐོན་པའི་རྒྱུགས་ལན་ཞིག་ཕུལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀའ་རྒྱ་ཐོས་མ་ཐག་བྱ་སྤྱོད་སྤེལ་ཏེ་བཀའ་རྒྱ་ལག་བསྟར་ནན་པོ་དང་ཅི་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད། རིམ་ཁག་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་། སྡེ་ཚན་ཁག་དང་ཚན་པ་ཁག་གིས་རང་འགན་རང་སྒྲུབ་དང་རང་འགན་གཙང་སྒྲུབ་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ཚོས་བདག་པས་གཞན་གཅེས་དང་གདོང་མཆོང་བྱས་ཏེ་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་མངོན་པར་བྱས་ཡོད། རྒྱ་ཆེའི་སྨན་དོན་ལས་དོན་པས་གོས་དཀར་བཀླུབས་ཏེ་འཐབ་ས་མདུན་མར་བསྐྱོད་ནས་ཤ་ཁྲག་ལས་གྲུབ་པའི་ཚེ་སྲོག་གི་ལྕགས་རི་རིང་པོ་བསྐྲུན་ཡོད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་བྱས་ནས་དམངས་ཡོངས་ཀྱིས་རིམས་ནད་འཐབ་རྩོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད། ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ནས་ལྟོགས་དུས་ཟས་བཞིན་ལག་གདང་སྦྲེལ་ནས་རིམས་འགོག་གི་གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད། མི་རིགས་ཁག་གི་གཞོན་ནུས་དཀའ་ཉེན་ལ་མི་སྐྲག་པ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ནས་དམག་འཐབ་དྲག་པོ་རྒྱག་ཐུབ་པ་དང་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་ལང་ཚོའི་ཟིལ་ཉམས་མངོན་པར་བྱས་ཡོད། །

གཟེངས་བསྟོད་ཚོགས་ཆེན་གྱི་ཚོགས་ར།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་གྱི་འཐུས་མི་དང་མཇལ་འཕྲད་གནང་བ། ལྗོངས་ཡོངས་ཀྱི་ཁག་དང་པོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོཌ་འདུ་འཚོཌ། ཝུའུ་དབྱིང་ཅེ་ལྷ་སར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།