གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

གྲོང་ཚོའི་ལས་བྱེད་པར་མང་ཚོཌ་དེ་བས་མང་བའི་ཁས་ལེན་ཐོབ་པ་བྱེད་དགོས།

སྤེལ་དུས་: 2021ལོ་05ཟླ་20ཚེས་ 16:51 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༡༩ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་ཕེབས་ནས། རང་ལྗོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཝུའུ་དབྱིང་ཅེས་སྐྱིད་གཤོངས་སྡེ་ཁུལ་གྱི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གསན་བཞིན་པ།

ཝུའུ་དབྱིང་ཅེས་གྲོང་ཚོ་དང་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ལས་དོན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གཞི་རིམ་དུ་ལག་ལེན་བསྟར་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པས། ཏང་གི་སྲིད་འཛིན་རྨང་གཞི་དང་འབྲེལ་བ་ཡོད་ལ་དམངས་འཚོའི་བདེ་སྐྱིད་དང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད། ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་གསར་པར་འདེམས་ཤོག་མང་པོ་རག་ནས་འདེམས་ཐོན་བྱུང་བ་ལས། མང་ཚོགས་ཀྱིས་ཚང་མར་ཡིད་ཆེས་ཆེན་པོ་བྱེད་པ་གསལ་བཤད་ཐུབ་ཀྱི་ཡོད་མོད། འོན་ཀྱང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ལས་དོན་དེ་མང་ཚོགས་ཀྱི་རེ་སྒུག་དང་ད་དུང་ཧེ་བག་ངེས་ཅན་ཡོད་པ་མཐོང་བ་བྱས་ཏེ། ང་ཚོས་ཏང་གི་དགོངས་དོན་ལག་བསྟར་དང་། མི་འདང་སར་མཐོང་ཆེན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དེ་བས་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་བ་བརྒྱུད། ལས་ཀའི་སྤྱོད་ཚུལ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བ། ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ནས། ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མིར་མང་ཚོགས་དེ་བས་མང་བའི་ཁས་ལེན་ཐོབ་པར་བྱེད་པ་དང་མང་ཚོགས་ཁྲོད་སྙན་གྲགས་སྔར་ལས་ལྷག་པ་གཏོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སྐྱིད་གཤོངས་སྡེ་ཁུལ་དུ་སྐབས་བརྗེའི་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོའི་ཞབས་ཞུ་ལྟེ་གནས།

ཝུའུ་དབྱིང་ཅེས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་སྐབས་བརྗེའི་ལས་དོན་ནི་ལྗོངས་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས། དོན་ཆེན་བཞིར་སྐུལ་འདེད་གཏོང་རྒྱུ་དང་འགན་ལེན་བཞི་མངོན་འགྱུར་བཅས་བྱ་རྒྱུ་དང་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་འབྲེལ་ཡོད་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ། སྐབས་བརྗེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་སྟེ། འཆར་གཞི་ཡག་པོ་འདིང་བ་དང་། ལས་བྱེད་པ་ཡག་པོ་འདེམས་པ། ཚན་ཁག་ཡག་པོ་བཀོད་སྒྲིག་བྱེད་པ། གླེང་ཕྱོགས་ཡག་པོ་གཏོད་པ། རྣམ་པ་བཟང་པོ་ཆགས་པ་བཅས་བྱས་ནས། དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སྐྱིད་གཤོངས་སྡེ་ཁུལ་དུ་སྐབས་བརྗེའི་ལས་དོན་གྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བཞིན་པ།

ཝུའུ་དབྱིང་ཅེས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་སྐབས་བརྗེའི་ལས་དོན་ནི་ལྗོངས་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ། དོན་ཆེན་བཞིར་སྐུལ་འདེད་གཏོང་རྒྱུ་དང་འགན་ལེན་བཞི་མངོན་འགྱུར་བྱ་རྒྱུ་དང་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་འབྲེལ་ཡོད་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྐབས་བརྗེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་སྟེ། འཆར་གཞི་ཡག་པོ་འདིང་བ་དང་། ལས་བྱེད་པ་ཡག་པོ་འདེམས་པ། ཚན་ཁག་ཡག་པོ་བཀོད་སྒྲིག་བྱེད་པ། གླེང་ཕྱོགས་ཡག་པོ་གཏོད་པ། རྣམ་པ་བཟང་པོ་ཆགས་པ་བཅས་བྱས་ནས་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པའི་ཐད་ཤུགས་རྒྱག་དགོས་པ་དང་། གཉིས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཏང་གིས་སྐབས་བརྗེའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཤུགས་རྒྱག་དགོས་པ། གསུམ་ནས་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་ལས་འགན་འཁུར་བའི་ཆ་རྐྱེན་ནན་དུ་གཏོང་བའི་ཐད་ཤུགས་རྒྱག་དགོས་པ། བཞི་ནས་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཐད་ཤུགས་རྒྱག་དགོས་པ། ལྔ་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ་དང་རྣམ་པ་གསར་པ་ཆགས་པའི་ཐད་ཤུགས་རྒྱག་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སྐྱིད་གཤོངས་སྡེ་ཁུལ་གྱི་རིག་གནས་བྱེད་སྒོ་ཁང་གི་ཟུར་ཞིག

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན།གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པའི་ཐད་ཤུགས་སྣོན་རྒྱག་དགོས།

གཉིས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཏང་གིས་སྐབས་བརྗེའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་དགོས།

གསུམ་ནས་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་ལས་འགན་འཁུར་བའི་ཆ་རྐྱེན་ནན་དུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་དགོས།

བཞི་ནས་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་དགོས།

ལྔ་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ་དང་རྣམ་པ་གསར་པ་ཆགས་པའི་ཐད་ཤུགས་སྣོན་རྒྱག་དགོས།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གྲྭར་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་ནས་ཧོ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། རིམས་འགོག་སོགས་ཀྱི་ལས་དོན་མང་པོར་བཀོད་སྒྲིག་གསར་པ་གནང་འདུག རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པས་གཤམ་སྐྱོད་ལྟ་སྐུལ་མཛུབ་ཁྲིད་བྱས་ཚུལ་གྱི་ཚུར་ལན་ཚོགས་འདུ་འཚོགས་པ།