གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ།

སྤེལ་དུས་: 2021ལོ་09ཟླ་10ཚེས་ 16:49 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༨ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁྲེང་ཏུར་ཡོད་པའི་བོད་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལུས་གསོའི་རྟེན་གཞིའི་འཛུགས་སྐྲུན་ལས་དོན་སྐོར་གྱི་སྙན་སེང་གསན་པ་རེད།

ཚོགས་ར།

ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བོད་ལྗོངས་ཐུགས་སུ་འཆང་བ་དང་བོད་ལ་བརྩེ་སེམས་བཅངས་ནས། བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ། བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་གྱི་འཐབ་ཇུས་གནས་བབ་སྔར་ན་མེད་པའི་མཐོ་ཚད་དུ་བཞག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་བྱེད་པ་དང་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོ་གནང་སྟེ། གླ་ཕོགས་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་སློབ་ཞུགས། ལས་འཁྱུར་ངལ་གསོ་བཀོད་སྒྲིག་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་ནན་བཤད་ཐེངས་མང་གནང་བ་དང་། ལས་བྱེད་པ་དང་ལས་བཟོའི་བདེ་ཐང་འགན་སྲུང་ལས་དོན་ལ་མཐོང་ཆེན་གནང་བ། ལས་བྱེད་པ་དང་ལས་བཟོའི་ཕུགས་ཀྱི་སེམས་ཁྲལ་བསལ་བ། ཁྲེང་ཏུར་ཡོད་པའི་བོད་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལུས་གསོའི་རྟེན་གཞི་འཛུགས་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་བཅས་ལས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་ཚོར་དྲོ་སྐྱིད་ཟབ་མོ་སྦྱིན་པ་དང་སེམས་འགུལ་ཆེན་པོ་ཐེབས་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་ཁྲེང་ཏུར་ཡོད་པའི་བོད་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལུས་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་བྱེད་པར་དམིགས་བསལ་ཐུགས་ཁུར་གནང་ལུགས་མཚོན་པ་དང་། དེ་ནི་ཡུན་རིང་བོད་སྐྲུན་གྱི་བླང་བྱ་དོན་འཁྱོལ་དང་། བོད་ཀྱི་ལས་བྱེད་པའི་གཟུགས་གཞི་བདེ་ཐང་འགན་ལེན་ལ་ཤུགས་སྣོན། ཕུགས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་སྲིད་ཇུས་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་བཅས་དང་མཐུན་སྦྱོར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་འགོའི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བས་འབྲེལ་ཡོད་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཐུབ་པ་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞལ་འཛོམས་ཐེངས་བཅུ་གསུམ་པ་སྤེལ། ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་འཚོགས་པ། ཝུའུ་དབྱིང་ཅེས་ཉེ་ཁྲེན་ཞི་བཅས་པ་དང་བཞུགས་མོལ་གནང་བ། ཝུའུ་དབྱིང་ཅེ་ཉིང་ཁྲིར་རྟོག་ཞིབ་གནང་བར་ཕེབས་པ།