
སྤྱི་ཚེས ༢༥ ཉིན་གྱི་ཉིན་གུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཝུའུ་ལུའུ་མུའུ་ཆི་རུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་གྲུབ་རྗེས། ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ཕྱིར་ལོག་གནང་ཡོད། ཝུའུ་ལུའུ་མུའུ་ཆིའི་གྲོང་ཁུལ་དང་གནམ་ཐང་དུ། ཤིན་ཅང་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་ཡོད།།
པར་རིས་ཡོང་ཁུངས། ཤིན་ཧྭ་དྲ་བ།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ཤིན་ཅང་གི་ལོ་ངོ་༧༠ཡི་རྟེན་འབྲེལ་ཚོཌ་ཆེན་ལ་ཞུགས་གནང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ། ཞི་ཅིན་ཕིང་གིས་ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་བ།