གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཤིས་འཕྲིན་སྤྲིངས།

སྤེལ་དུས་: 2024ལོ་08ཟླ་12ཚེས་ 12:27 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༨ ཚེས ༡༡ ཉིན། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐབས ༣༣ པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་ཡོད་པ་རེད།

རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། སྐབས ༣༣ པའི་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཐོག རང་རྒྱལ་གྱི་ལུས་རྩལ་པ་ཚོས་འབད་འབུངས་ཡར་བརྩོན་དང་། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན། འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ནས། གསེར་གྱི་རྟགས་མ ༤༠ དང་། དངུལ་གྱི་རྟགས་མ ༢༧ ཟངས་ཀྱི་རྟགས་མ ༢༤ བཅས་བླངས་ནས་ལུས་རྩལ་སྦྱངས་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཡག་པོ་ཐོབ་པ་དང་། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་མཚན་སྙན་བརྩོན་ལེན་ཐུབ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུ་རྒྱུ་ཡིན།

སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཐོག ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས། ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀུན་སྤྱོད་ཐད་ཀྱི་གསེར་གྱི་རྟགས་མ་དང་། ཉམས་བཟང་ཐད་ཀྱི་གསེར་གྱི་རྟགས་མ། གཞུང་དྲང་ལྷད་མེད་ཐད་ཀྱི་གསེར་གྱི་རྟགས་མ་བཅས་ལེན་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔའ་ངར་ཆེར་སྐྱེད་ཀྱི་འཐབ་སེམས་དང་། དཔའ་མི་ཞུམ་པའི་རྩལ་འགྲན་སྤྱོད་ཚུལ། འགྲན་ཟླ་བྲལ་བའི་རྩལ་ནུས་བཅས་ལ་བརྟེན་ནས་ཀྲུང་གོའི་ལུས་རྩལ་གྱི་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་དང་། ལུས་རྩལ་འཐབ་ཕྱོགས་ཀྱི་བསྒྱུར་བཅོས་གསར་གཏོད་དང་། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་ཉམས་བཟང་མངོན་ཡོད། ཁྱེད་ཚོས་དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་སྟོབས་ཆེ། དེ་བས་མཐུན་སྒྲིལ་ཞེས་པའི་ཨོ་ལིམ་ཕིག་གི་ལེགས་བཤད་ལག་ལེན་ཧུར་ཐག་བྱེད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ལུས་རྩལ་པ་དང་འདྲ་མཉམ་འགྲན་རྩོད་དང་མཛའ་གྲོགས་སྤེལ་རེས་བྱས་ཏེ། རྩལ་ནུས་ཆེ་རུ་ཕྱིན་པ་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ནས། འཛམ་གླིང་ལ་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་ཉམས་འགྱུར་མངོན་པ་དང་། ཀྲུང་གོའི་སྐད་སྒྲ་དང་ཀྲུང་གོའི་སྙིང་སྟོབས་དར་སྤེལ་བཏང་ཡོད། ཁྱེད་ཚོའི་ཕུལ་དུ་བྱུང་བའི་སྦྱངས་འབྲས་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་རྒྱལ་གཅེས་སྤྲོ་སེམས་སྔར་ལས་འཕེལ་བ་དང་། མི་རིགས་ཀྱི་སྙིང་སྟོབས་འཕེལ་བ། མདུན་སྐྱོད་ཀྱི་སྟོབས་ཤུགས་གོང་བུར་སྒྲིལ་བ་བཅས་བྱས་ཡོད།

ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གཏན་འཁེལ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་བརྩོན་ལེན་བྱེད་པའི་ལས་འགན་བློ་ལ་བརྟན་པོར་ངེས་ནས། རྩལ་འགྲན་ལུས་རྩལ་གྱི་ཡང་རྩེ་གསར་པར་ཟམ་མི་ཆད་པར་འཛེགས་པ་དང་། མང་ཚོགས་ཀྱི་ལུས་རྩལ་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་སྤེལ་བར་སྐུལ་ཁྲིད་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་བཅས་ཀྱི་རེ་བ་ཡོད།

མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་རྒྱལ་ཁའི་ངང་ཕྱིར་ལོག་པར་རེ་སྒུག་ཞུ་བཞིན་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ལས་དོན་ཐད་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་གསུམ་པ་པེ་ཅིང་དུ་འཚོཌ་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་ཚོགས་འགོ་ཚུཊ་པ། ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ལི་དང་མཇལ་འཕྲད་གནང་བ།