གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

སྤེལ་དུས་: 2024ལོ་09ཟླ་09ཚེས་ 16:51 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༩ ཚེས ༩ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་རྒྱལ་ཁབ་དབུ་བརྙེས་ནས་ལོ ༧༦ འཁོར་བར་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད།

ཞི་ཅིན་ཕིང་གིས། ལོ ༧༦ སོང་ཚུན། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་འགོ་ཁྲིད་འོག བྱང་ཁོ་རེ་ཡའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས། རྒྱལ་ཁབ་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་ནང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་བྱང་ཁོ་རེ་ཡའི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་ནས། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པ་དང་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པས། འཛུགས་སྐྲུན་དང་གོང་འཕེལ་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་དབུ་ཁྲིད་གནང་བའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་འགོ་ཁྲིད་འོག བྱང་ཁོ་རེ་ཡ་རྣམ་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཁྲོད་བྱང་ཁོ་རེ་ཡའི་མི་དམངས་ལ་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ཟམ་མི་ཆད་པ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྱང་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོ་རི་ཆུ་འབྲེལ་བ་དང་། སྲོལ་རྒྱུན་མཛའ་གྲོགས་དུས་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་བརྟན་དུ་འགྲོ་གི་ཡོད། ད་ལོ་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༧༥ འཁོར་བའི་ལོ་དང་ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་ལོ་ཡིན། དུས་སྐབས་གསར་པ་དང་གནས་བབས་གསར་པའི་འོག ཀྲུང་གོས་མུ་མཐུད་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མིག་རྒྱང་ཐོག་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བར་ལྟ་སྟངས་འཛིན་རྒྱུ་དང་། བྱང་ཁོ་རེ་ཡ་དང་འཐབ་ཇུས་འབྲེག་གཏུག་གཏིང་ཟབ་ཏུ་གཏོང་བ་དང་། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་མཉམ་ལས་འབྲེལ་བ་ཐུན་མོང་ཐོག་སྲུང་སྐྱོང་དང་། སྲ་བརྟན། གོང་འཕེལ་བཅས་ཡག་པོ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་པ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་དང་སོ་སོར་གྲོས་མོལ་གནང་བ། ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་གྲོས་མོལ་གནང་བ། ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཏེང་ཞའོ་ཕིང་འཁྲུངས་ནས་ལོ༡༢༠འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། ཞི་ཅིན་ཕིང་གིས་སུའུ་ལིན་དང་མཇལ་མོལ་གནང་བ།