གཞུང་ལས་པའི་བཅའ་ཁྲིམས་དང་། ༼གཞུང་ལས་པ་ཡོངས་བསྒྲགས་གདམ་གསེས་བྱ་ཐབས་ཚོད་ལྟའི་ལག་བསྟར༽༼བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་བྱ་གཞག་ཚན་པའི་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པ་ཡོངས་བསྒྲགས་གདམ་གསེས་བྱ་ཐབས་ཚོད་ལྟའི་ལག་བསྟར༽བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས ༢༠༢༠ ལོའི་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་གཞུང་ལས་པ་ཡོངས་བསྒྲགས་ངང་གདམ་གསེས༼ལས་ཀར་ཞུགས་པའི་གཞུང་ལས་པ༽བྱེད་པའི་ལས་དོན་སྒྲིག་འཛུགས་ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གདམ་གསེས་བྱ་ཡུལ་ནི་ལྗོངས་ཡོངས་ཀྱི་ཁོའོ་རིམ་པ་རྒན་པ་དང་དེ་མན་གྱི་འགོ་ཁྲིད་དང་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་རིམ་པ་གཅིག་མཚུངས་ཀྱི་སྒྲིག་ཁོངས་སུ་ཚུད་པ་དང་ལས་ཐོག་ཏུ་ཡོད་པའི་གཞུང་ལས་པའམ་ཡང་ན་ལས་ཀར་ཞུགས་པའི་གཞུང་ལས་པ་རེད། ཁྱོན་མི་གྲངས ༢༡༥ གདམ་གསེས་བྱ་རྩིས་ཡོད་ཅིང་། ལོ ༣༥ ༼༡༨༤ ལོའི་ཟླ ༩ ཚེས ༢༥ ཉིན་གྱི་རྗེས་སུ་སྐྱེས་པ༽མན་བསྡུ་གི་ཡོད། རྒྱུན་དུ་ལས་འགན་སྒྲུབ་ཐུབ་པའི་གཟུགས་པོ་དང་སེམས་ཁམས་ཡག་པོ་ཡོད་དགོས། མིང་ཐོ་འགོད་པའི་དུས་ཚོད་ནི ༢༠༢༠ ལོའི་ཟླ ༩ ཚེས ༢༥ ཉིན་གྱི་ཆུ་ཚོད ༩དང་སྐར་མ ༣༠ ནས་ཚེས ༢༩ ཉིན་གྱི་ཆུ་ཚོད ༡༨ དང་སྐར་མ ༣༠ བར་ཡིན། ད་ཐེངས་དྲ་ཐོག་ནས་མིང་ཐོ་འགོད་པའི་བྱ་ཐབས་ཐོག་ནས་གདམ་གསེས་བྱ་རྒྱུ་ཡིན་པ་དང་། དྲ་ཚིགས་ནི་http://hrss.xizang.gov.cnམིང་ཐོ་བཀོད་རྗེས་ཐོབ་ཐང་ཞིབ་དཔྱད་ཐུབ་པ་ཚོས ༢༠༢༠ ལོའི་ཟླ ༡༠ ཚེས ༡༤ ཉིན་ནས་ཚེས ༡༦ ཉིན་བར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་གཞུང་ཕྱོགས་དྲ་ཚིགས(http://hrss.xizang.gov.cn)ནས་ཡིག་རྒྱུགས་གཏོང་ཆོག་པའི་ལག་ཁྱེར་ཕབ་ལེན་བྱེད་དགོས།
གདམ་གསེས་བྱེད་སྐབས༼གྱོད་དཔེ་དབྱེ་ཞིབ༽ཀྱི་ཡིག་རྒྱུགས་གཏོང་རྒྱུ་ཡིན་པ་དང་། གཙོ་བོ་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། དོན་དངོས་ཀྱི་གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་ནུས་པ། ཡིག་ཐོག་ནས་གོ་བརྡ་སྤྲོད་པའི་ནུས་པ་སོགས་ཕྱོགས་བསྡུས་ཀྱི་བྱང་ཚད་རྒྱུགས་ལེན་བྱ་རྒྱུ་རེད། ཡིག་རྒྱུགས་སྐར་གྲངས་ཀྱི་བསྡོམས་འབོར ༡༠༠ དང་། ཡིག་རྒྱུགས་ཀྱི་དུས་ཚོད་སྐར་མ ༡༥༠ ཡིན། ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི ༢༠༢༠ ལོའི་ཟླ ༡༠ ཚེས ༡༧ ཉིན༼རེ་གཟའ་སྤེན་པ༽གྱི་སྔ་དྲོའི་ཆུ་ཚོད ༩ སྐར་མ ༣༠ ནས་ཆུ་ཚོད ༡༢ སྐར་མ ༠༠ བར་ཡིན།
ཡིད་རྟོན་མེད་པའི་ཐོ་འགོད་རྒྱུགས་སྤྲོད་བྱེད་པའམ་ཡང་ན་ངོ་རྒྱུགས་དང་། རྟོག་ཞིབ། གཟུགས་པོ་བརྟག་དཔྱད་སོགས་བྱེད་རིང་དམིགས་བསལ་གྱི་རྒྱུ་མཚན་མེད་པར་དེའི་ནང་མ་ཞུགས་པའི་རིགས་ལ་གདམ་གསེས་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ་མ་ཟད། སྔར་ཡོད་ཚན་པར་བརྡ་ཁྱབ་བཏང་ནས་མི་སྒེར་གྱི་ཡིད་རྟོན་ཡིག་ཚགས་ལ་འཇུག་རྒྱུ་རེད། དངོས་ཡོད་ཀྱི་དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་ཞུགས་ཐུབ་མེད་པའི་རིགས་ལ་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་གཞུང་ལས་པའི་ཁྲུའུ་གཉིས་པར་གནས་ཚུལ་གསལ་བཤད་རྒྱག་དགོས།
ཟུར་བཀོད།
བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ།
༢༠༢༠ ལོའི་ཟླ ༩ ཚེས ༡༩ ཉིན།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག