གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། >རྨང་བརྟན་དམངས་ཕན > གྲོང་སྡོད་ལས་དོན་གྱི་ཆེད་ཁུལ།  >དངོས་བྲིས།

ས་སྐྱ་རྫོང་གད་སྲིབ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འཆད་ཁྲིད་ཁང་བཙུགས་པ།

སྤེལ་དུས་: 2019ལོ་04ཟླ་15ཚེས་ 13:03 ཡོང་ཁུངས་: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གད་སྲིབ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”མཉམ་ལས་དམ་ཟབ་བྱས་ཏེ་བྱ་ཐབས་མང་པོ་སྤྱད་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”མཉམ་འབྲེལ་བྱས་ཐོག་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། ཏང་ཡོན་གྱིས་མང་ཚོགས་དཀྱུས་མའི་སྣེ་ཁྲིད་དེ་སློབ་གསོ་ལག་ལེན་བྱེད་སྒོའི་ལམ་སྲོལ་བཙུགས་ནས་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་པ་དང་ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་ཀྱི“སྐུལ་འདེད་གཉིས་དང་སྣེ་ཁྲིད་གཉིས”ཀྱི་ལམ་སྲོལ་ཆགས་པ་རེད། དེ་དང་དུས་མཚུངས་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད“ལས་བྱེད་པས་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་གདོང་ལེན་བྱེད་པ། མང་ཚོགས་ཀྱིས་ལག་ལེན་བསྟར་བ”བཅས་ཀྱི་གོང་ནས་འོག་བར་རིམ་དབྱེའི་ལས་ཀའི་ལམ་སྲོལ་ཆགས་པ་དང་། ལས་བགོས་ལ་གཞིགས་ནས་ཀྲི་པུའུ་དང་། གྲོང་ཚོ་ཨུ་ལྷན། ལྟ་ཞིབ་ཨུ་ལྷན། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཡུལ་དམག་སོགས་རྩ་འཛུགས་ཀྱི་ནུས་པ་ཐོན་ནས་རྩ་འཛུགས་འཐུས་ཚང་དང་འགན་ནུས་འཐུས་ཚང་གི་ལག་ལེན་ལམ་སྲོལ་ཞིག་ཆགས་ཡོད་པ་རེད།

མང་ཚོགས་ཀྱི་དགོས་མཁོ་དང་དོན་དངོས་ལ་གཞི་བཙུགས་ཏེ་གད་སྲིབ་གྲོང་ཚོས་གྲོང་སྲོལ་དམངས་ཆིངས་བཙུགས་པ་བརྒྱུད་གད་སྲིབ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་གནད་སྨིན་དབུལ་སྐྱོར་གྱི་གསོ་སྦྱོང་འཛིན་གྲྭར་ཞུགས་པ་དང་། ཆེད་ལས་ལས་བྱེད་པ་དང་ཤེས་ལྡན་པ་ཚན་རྩལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱེད་རྒྱུར་གདན་དྲངས་པ། “དྲིན་ཚོར་བསྡུར་བ་དང་། མཐུན་སྒྲིལ་བསྡུར་བ། ལེགས་སྐྱེས་བསྡུར་བ། ཤེས་དཔལ་བསྡུར་བ”བཅས་ཀྱི་གསར་གཏོད་བྱེད་སྒོ་སྤེལ་ནས“སྙེགས་སློབ་བསྡུར་བརྒལ”བཅས་ཀྱི་ལས་སྟེགས་བཞི་ཡག་པོ་བསྐྲུན་ཏེ་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་དཀའ་གནད་སེལ་བའི་ནུས་པ་མཐོ་རུ་བཏང་བ་རེད།

 

འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག