གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

མ་འོངས་པའི་ལོ༥ནང་གྲོང་གསེབ་འཛུཊ་སྐྲུན་ཐད་དོན་ཆེན་འདི་དག་བསྒྲུབ་རྒྱུ་རེད་འདུག

སྤེལ་དུས་: 2021ལོ་02ཟླ་24ཚེས་ 10:54 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༢ ཚེས ༢༡ ཉིན། སྤྱི་ལོ ༢༠༢༡ ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡོངས་བསྒྲགས་བྱས་པ་རེད། མ་འོངས་པའི་ལོ་ལྔའི་ནང་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ། གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ་བཅས་ལ་དམིགས་ནས། ཡིག་ཆའི་ནང་བྱེད་ཐབས་གང་དག་བཏོན་ཡོད་དམ། ང་ཚོས་མཉམ་དུ་རྒྱུས་ལོན་ཞིག་གནང་དང་།

རྫོང་གྲོང་གིས་གཙོ་བོར་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་ནས་གྲོང་ཁྱེར་ཆུང་ངུའི་ཚད་གཞི་ལྟར་རྫོང་གྲོང་འཛུགས་སྐྲུན་བྱེད་རྒྱུ།

གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་མཐོར་འདེགས་ཀྱི་ལོ་ལྔའི་བྱ་སྤྱོད་ལག་ལེན་བསྟར་རྒྱུ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་ཐག་གཅོད་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། འབྱུང་རྩ་ནས་རིགས་དབྱེ་སྟེ་ཁུར་པོ་ཡང་དུ་གཏོང་བ་དང་ཐོན་ཁུངས་ཅན་གྱི་ཐག་གཅོད་བེད་སྤྱོད་ལ་སྐུལ་འདེད་བཏང་ནས། སྐྱེ་ལྡན་སྙིགས་རོ་ཕྱོགས་བསྡུས་ཐག་གཅོད་དང་བེད་སྤྱོད་བྱེད་པའི་སྒྲིག་བཀོད་ཁག་ཅིག་འཛུགས་སྐྲུན་བྱེད་རྒྱུ།

རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་གྲོང་གསེབ་ཟོག་འདྲེན་མ་ལག་གང་མགྱོགས་ངང་འཐུས་ཚང་དུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་དངོས་ཟོག་སྐུར་སྐྱེལ་ཟོག་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བཅོས་བསྒྱུར་བྱེད་རྒྱུ། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་བསྐྱོད་པ་དང་ཞིང་ལས་ཐོན་རྫས་གྲོང་གསེབ་ནས་གྲོང་ཁྱེར་དུ་བསྐྱོད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཛད་སྤྱོད་ནུས་ལྡན་ངང་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་གཏེད་གཏོང་དགོས།

གྲོང་གསེབ་ཀྱི་ཀྲའོ་སྟོང་གི་དྲ་རྒྱ་དང་། སྒུལ་བདེའི་འཕྲིན་གཏོང་རབས་ལྔ་པ༥༼༥G༽། སྒུལ་བདེའི་ཟོག་འབྲེལ་དྲ་རྒྱ་བཅས་གྲོང་ཁྱེར་དང་མཉམ་དུ་འཆར་འགོད་འཛུགས་སྐྲུན་བྱེད་པར་སྐུལ་གདེད་གཏོང་རྒྱུ།

གྲོང་གསེབ་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ཐབས་ལམ་མང་པོའི་ཐོག་ནས་གྲོང་གསེབ་ཀྱི་གཟིགས་སྐྱོང་རང་བཞིན་གྱི་སློབ་ལོ་མ་རན་གོང་གི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་མང་དུ་གཏོང་རྒྱུ་དང་། མུ་མཐུད་དེ་ཤང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ།

ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་བཏང་ནས། ལྟེ་བའི་འཕྲོད་བསྟེན་ཁང་ཁག་ཅིག་འདེམས་འཛུགས་བྱ་རྒྱུ།

ཁང་སའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། གྲོང་གསེབ་ཁང་སའི་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་ཁུལ་ལ་བརྟན་ལྷིང་དང་ནན་ཏན་ངང་སྐུལ་འདེད་གཏོང་རྒྱུ་དང་། ཁང་སའི་བདག་དབང་དང་འོས་ཐོབ་དབང་ཆ། བེད་སྤྱོད་དབང་ཆ་བཅས་ཀྱི་རིགས་དབྱེ་སྒྲིག་འགོད་ནུས་ལྡན་ངང་མངོན་འགྱུར་ཐུབ་པའི་རྣམ་པ་འཚོལ་ཞིབ་བྱ་རྒྱུ།

སྤྱི་ལོ ༢༠༢༥ ལོར་སླེབས་དུས་རང་འབབ་ཆུའི་ཁྱབ་གདལ་ཚད་བརྒྱ་ཆ ༨༨ ཟིན་པར་བྱ་རྒྱུ།

དབུལ་གྲོལ་ཐུབ་པའི་རྫོང་ལ་དབུལ་གྲོལ་ཐུབ་ཉིན་ནས་བཟུང་ལོ ༥ ཡི་བར་བརྒལ་དུས་སྐབས་བཀོད་འཛུགས་བྱེད་རྒྱུ་དང་། བར་བརྒལ་དུས་སྐབས་ནང་དུ་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ།

གྲོང་གསེབ་ཀྱི་འཛུགས་སྐྲུན་ནི་ཞིང་པའི་ཆེད་དུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པས། ཡུལ་བབ་དང་བསྟུན་པ་དང་ཏན་ཏིག་ངང་བསྒྲུབ་དགོས་པ་ལས། རྣམ་པ་ཅན་དང་ཕྱི་ཚུལ་ཅན་བྱེད་མི་རུང་།

གྲོང་སྡེ་ཕྱིར་འཐེན་དང་ཟླ་སྒྲིལ་ཚད་ལྡན་དུ་ཏན་ཏིག་གཏོང་རྒྱུ་དང་། ཞིང་པའི་འདོད་བློ་ལས་རྒྱབ་འགལ་བྱེད་མི་རུང་བ་དང་བཙན་ཤེད་ཀྱིས་ཞིང་པ་ཐོག་བརྩེགས་ཁང་ནང་སྤོ་རུ་འཇུག་མི་ཆོག དོན་བཟང་ལེགས་པར་སྒྲུབ་རྒྱུ་དང་དངོས་དོན་དངོས་སུ་བསྒྲུབ་དགོས།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གཞིས་རྩེས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བ། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་གི་དགོངས་པ་གལ་ཆེན། ད་ལོ་བོད་ཀྱིས་དམངས་འཚོའི་དོན་ཆེན་འདི་དག་སྒྲུབ་རྩིས་འདུག སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་གནད་བསྡུས།