གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་ན། ལས་ཞུགས་དོན་དུ་སེམས་ཁྲལ་བྱེད་དགོས་མེད།

སྤེལ་དུས་: 2020ལོ་08ཟླ་13ཚེས་ 11:21 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ནི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཚོང་འདུས་གྲོང་ཚོའི་ཁོངས་གཏོགས་ཀྱི་རྟ་མན་རང་བྱུང་གྲོང་ཚོར་ས་གནས་ས་ཐོག་ཏུ་སྔོ་ཚལ་འདེབས་འཛུགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་བཞིན་པ།

འདི་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ལས་རིགས་རྩལ་ནུས་རིམ་སྤོར་བྱ་སྤྱོད་སྤེལ་ཏེ་ངལ་རྩོལ་པའི་ལས་ཞུགས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། འདི་ལོའི་ལོ་སྟོད་དུ་གྲོང་ཁྱེར་དེས་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་དུས་ཐེངས ༢༡༣ གཉེར་ནས་མི ༧༥༨༢ གསོ་སྦྱོང་ལ་ཞུགས་པ་དང་། ལས་ཞུགས་ཐུབ་ཚད་བརྒྱ་ཆ ༩༠.༨༢ ཟིན་པ་རེད། ལས་ཀའི་ཁྲོད་སྦྱོང་བརྡར་གྱི་གསོ་སྦྱོང་དུས་ཐེངས ༦༡ གཉེར་བར་མི ༣༥༦༥ ལ་གསོ་སྦྱོང་བྱས་པ་དང་། མངཌ་ཐོ་རྣམ་པའི་ལས་གནས་གཏན་འཁེལ་གྱི་རྩལ་ནུས་གསོ་སྦྱོང་དུས་ཐེངས ༤༢ གཉེར་བར་མི ༡༨༣༦ ལ་གསོ་སྦྱོང་བྱས་པ་རེད། མཐོ་སློབ་སློབ་ཐོན་སློབ་མའི་ཇོ་རིའི་ལས་རིགས་དམིགས་བསལ་སྦྱོང་བརྡར་སྒར་ཐེངས ༡ གཉེར་ནས་མཐོ་སློབ་སློབ་ཐོན་སློབ་མ ༡༡༢ ལ་གསོ་སྦྱོང་བྱས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གཞིས་རྩེར་དང་བླངས་ཞབས་ཞུའི་སྡེ་ཁུལ་ཡག་ཤོས་འཚོལ་བ། རྒྱལ་ཁོངས་མེད་པ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར། དཀར་མོ་ནས་ཀྱི་འབྲུ་རྡོག ཕྱུག་འགྱུར་ལམ་རོགས་བཟང་པོ། གཞི་རིམ་བཅོས་སྐྱོང་གི་འགག་རྩར་དམ་འཛིན་ནན་པོ་བྱེད་དགོས།