ཀྲུང་གོ་བོད་ཀྱི་དྲ་བ་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ ༨ པའི་ཚེས ༢༩ ཉིན། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ཞིང་ནང་དུ་ས་ཆ་དེ་གའི་ཞིང་པ་ཚོས་བཙས་མ་བརྔ་བསྡུའི་ལས་ལ་བྲེལ་བཞིན་ཡོད་པས། གནས་དེའི་ཞིང་ནང་གང་སར་ལོ་ཏོག་བསྡུ་བའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་རང་བཞིན་ཤུགས་ཀྱིས་མངོན་ནས་ཡོད། གཞིས་རྩེ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ཚོང་རྫས་འབྲུ་རིགས་ཀྱི་རྟེན་གཞི་གཙོ་བོ་ཡིན་ལ། བོད་ལྗོངས་ཀྱི་འབྲུ་མཛོད་ཞེས་མཚན་སྙན་གྱི་གྲགས་པ་གང་སར་ཁྱབ་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་ན། ལས་ཞུགས་དོན་དུ་སེམས་ཁྲལ་བྱེད་དགོས་མེད། བོད་ལྗོངས་ཀྱིས་ས་ངན་ཡུག་སྦྲེལ་ཁུལ་གྱི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ཏང་ཡོན་དང་ལས་བྱེད་པར་གསོ་སྦྱོང་བྱས་པ། གཞིས་རྩེར་དང་བླངས་ཞབས་ཞུའི་སྡེ་ཁུལ་ཡག་ཤོས་འཚོལ་བ། རྒྱལ་ཁོངས་མེད་པ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར།