གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

​ལྷ་རྩེར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་གཏིང་ཟབ་སྤེལ།

སྤེལ་དུས་: 2021ལོ་04ཟླ་28ཚེས་ 11:14 ཡོང་ཁུངས་: བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་བའི་ལོ་ཤས་རིང་། ལྷ་རྩེ་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཧྲུའུ་ཅིའི་འདུ་འགོད་ལ་བརྩི་རྒྱུ་ཞེས་པ་རྒྱུན་མཐུད་སྤེལ་ཏེ།  བྱེད་སྒོའི་གཞི་རྟེན་གསར་གཏོད་དང་།  བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ།བྱེད་སྒོའི་ཕན་འབྲས་བརྟན་དུ་གཏོང་བ་བཅས་བྱས་པས། མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་རྫོང་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་བློའི་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་ཐེབས་ཡོད།

སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་།ལྷ་རྩེ་རྫོང་གིས་བྱེད་སྒོ་སྤེལ་ཡུལ་ལ་དམིགས་པ་དང་། གྲོང་ཚོ་དང་གྲོང་མིར་གཞིགས་ནས་འཆད་ཁྲིད་བྱས་ཏེ་ཧེ་བག་ཅན་དང་། ཁྱད་ལྡན་ཅན། ཞབས་ཞུ་ཅན་བཅས་ཀྱི་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ཡོད།

སྒྲོག་འགྲེལ་གྱི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱ་ཆེད། ལྷ་རྩེ་རྫོང་གིས་བསམ་ཇུས་གཅིག་གི་བསམ་བློར་གཞི་ཚུགས་པ་དང་བྱེད་སྒོའི་གཞི་རྟེན་གསར་གཏོད་ཤུགས་ཆེན་བཏང་ཐོག བྱ་ཐབས་གསར་པ་སྤྱད་ནས་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་བཞིའི་རིང་ལྷ་རྩེ་རྫོང་གིས་སྒྲོག་འགྲེལ་སློབ་གསོ་སྣ་ཚོགས་ཐེངས ༡༤༠༡༥ སྤེལ་བས་མང་ཚོགས་མི་ཐེངས་ཁྲི ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།

གཞན་ཡང་།ལྷ་རྩེ་རྫོང་གིས་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོས་ཐོག་རླུང་འཕྲིན་སློབ་ཚན་དང་། མཚན་མོའི་སློབ་ཚན། ཉེ་འགྲམ་གྱི་སློབ་ཚན། དྲ་ཐོག་སློབ་ཚན་བཅས་སློབ་ཚན་བཞི་སྤུས་ཚད་ལེགས་པོས་གཉེར་བས། མང་ཚོགས་ཀྱི་ནང་སྐྱེད་སྒུལ་ཤུགས་འཕེལ་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཛུགས་ཐུབ་པ་བྱུང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཕྱི་ནང་མཉམ་བཅོས་བྱས་པས་བཀྲག་མདངས་འཚེར་ས་མངོན་ལ་ཉམས་འགྱུར་ཡང་མངོན་པ། གཞིས་རྩེ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་ཞིང་ལས་གཙོ་གནད་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་བ། ལོ་རྒྱུས་ཤེས་ན་དྲང་བདེན་རྟོགས། སློབ་སྦྱོང་བྱེད་པའི་དུས་སུ་བབས། ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ལོ༢༠༢༡ལོའི་ལོ་འཁོར་གྱི་ཚང་འཛོམས་གྲོས་ཚོགས་ཐེངས༢པ་གཙོ་སྐྱོང་གནང་བ།