གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་སྐྱིད་རོང་གྲོང་རྡལ་རྟ་དམག་གྲོང་ཚོའི་གསོ་སྦྱོང་བརྒྱུད་པའི་བུད་མེད་ཚོ་སྲོལ་རྒྱུན་ལག་ཤེས་ལས་སྣོན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ལས་ཞུགས་འབབ་འཕར་མངོན་འགྱུར་ཐུབ་པ།
ཉེ་བའི་ལོར། རང་ལྗོངས་ཀྱི་ས་ཁུལ་གྲོང་ཁྱེར་ཁག་གིས་སྲོལ་རྒྱུན་འཁལ་འཐག་དང་ཁྱིམ་ལས་ཞབས་ཞུ། གློག་རྡུལ་ཚོང་ལས་གསར་གཏོད་སོགས་ཀྱི་ནང་དོན་གཙོ་བོར་བྱས་པའི་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་ལག་རྩལ་གསོ་སྦྱོང་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས། གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ཐུབ་པ་དང་། གསོ་སྦྱོང་ལ་བརྟེན་ནས་གསར་གཏོད་བྱེད་པ། གསོ་སྦྱོང་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བཅས་བྱས་ཏེ། ཞིང་འབྲོག་པའི་བུད་མེད་མང་ཚོགས་འབོར་ཆེན་ཞིག་རྩལ་ནུས་གསོ་སྦྱོང་བརྒྱུད་ལས་ཞུགས་དང་འབབ་འཕར་ཕྱུག་འགྱུར་ལམ་དུ་སྐྱོད་ཐུབ་པ་བྱས་ཡོད།།
ཡིག་བསྒྱུར་བློ་གྲོས།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཏང་གི་ལོ་རྒྱུས་སློབ་སྦྱོང་ལ་སྤྲོ་སྣང་ལྡན་པ་དང་དམངས་ལ་ཞབས་འདེགས་ཞུ་རྒྱུར་དགའ་སེམས་ལྡན་པ། རང་ལྗོངས་ཀྱིས་སྲིད་ཇུས་བཏོན་ནས་ཏང་ནང་ཁུལ་གྱི་ཐུགས་ཁུར་རོགས་སྐྱོར་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ། ལྷ་རྩེར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་གཏིང་ཟབ་སྤེལ། ཕྱི་ནང་མཉམ་བཅོས་བྱས་པས་བཀྲག་མདངས་འཚེར་ས་མངོན་ལ་ཉམས་འགྱུར་ཡང་མངོན་པ།