ཉེ་བའི་ལོ་ཤས་རིང་། གྲོ་མོ་རྫོང་གིས་སྒོར་དུང་ཕྱུར ༢.༤༢ བཏང་ནས་ཤ་མོའི་རིགས་འདེབས་འཛུགས་དང་ཉ་ཝ་ཡུས་གསོ་ཚགས་གཙོ་བོར་བྱས་ཏེ་འདེབས་འཛུགས་གསོ་ཚགས་དང་། གྲང་ཕྲེང་ཟོག་འདྲེན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་སྐྱེ་ཁམས་ཐོན་ལས་གླིང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཡོད། མིག་སྔའི་བར་ཕྱོགས་བསྡུས་སྐྱེ་ཁམས་ཐོན་ལས་གླིང་གིས་དཔལ་འབྱོར་ཕན་འབྲས་སྒོར་ཁྲི ༡༢༤༣.༩༢ བཏོད་དེ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ ༣ གྱི་གྲོང་ལྷན ༤ ཡི་དུད་ཚང་ ༨༥༧ གྱི་མི ༢༣༢༡ ལ་ཁེ་ཕན་མཉམ་འབྲེལ་བཙུགས་པས་དུད་ཚང་རེར་ཆ་སྙོམས་བགོ་འགྲེམས་སྒོར ༢༠༠༠ ཡན་རག་པ་དང་མི ༤༣ ལས་ཞུགས་བརྟན་པོ་ཐུབ་ཡོད། དེའི་ནང་སློབ་ཆེན་སློབ་མ ༡༨ ལས་ཞུགས་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེ་ཁམས་ཐོན་ལས་གླིང་དེས་ཀུང་སི་དང་རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ། རྫོང་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀའོ་ཧྥུང་ཀུང་སི་ལས་སྟེགས་སུ་བྱེད་པ་དང་། ཕྱོགས་བསྡུས་སྐྱེ་ཁམས་གསོ་ཚགས་རྟེན་གཞི་ལྟེ་གནས་སུ་བྱེད་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ ༤ བྱེད་པོར་བརྩི་བ། ཉ་ཕྲུག་རྟེན་གཞི ༡ གཞི་རྟེན་དུ་བྱེད་པ་བཅས་བྱས་པས་གཉེར་སྐྱོང་གི་རྣམ་པ་རགས་ཙམ་ཆགས་པ་མ་ཟད། གྲོ་མོ་དང་། གཞིས་རྩེ། ལྷ་ས། ཁྲེང་ཏུའུ། ཁྲུང་ཆིང་སོགས་ལྗོངས་ཕྱི་ནང་གི་གྲོང་ཁྱེར་ཁག་ཏུ་ཕྱིར་ཚོང་བྱ་ཡུལ་ཡང་བཙུགས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
མང་ཚོགས་ཕྱུག་པོ་ཆགས་ན་གཞི་ནས་མཐའ་མཚམས་སྟོབས་ཆེར་འགྲོ་ཐུབ། ལག་རྩལ་རང་ལ་ཡོད་ན། ལས་ཞུགས་སེམས་ཁྲལ་མི་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་ལ་སྤྲོ་སྣང་ལྡན་པ་དང་དམངས་ལ་ཞབས་འདེགས་ཞུ་རྒྱུར་དགའ་སེམས་ལྡན་པ། རང་ལྗོངས་ཀྱིས་སྲིད་ཇུས་བཏོན་ནས་ཏང་ནང་ཁུལ་གྱི་ཐུགས་ཁུར་རོགས་སྐྱོར་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ།