གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

རྣམ་གླིང་རྫོང་གིས་ཞོག་ཁོག་ཐོན་ལས་འཕེལ་རྒྱས་གླེང་སྟེགས་འཚོགས་ནས་སྤུས་རྟགས་རྫོང་སྟོབས་ཆེན་ལ་ཐབས་དང་ཇུས་བཏོན་པ།

སྤེལ་དུས་: 2023ལོ་08ཟླ་30ཚེས་ 12:14 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་དུས་རྣམ་གླིང་རྫོང་གི་སྤུས་རྟགས་རྫོང་སྟོབས་ཆེན་དང་ཐོན་ལས་ནུས་པ་གཅིག་སྡུད་ཀྱི་ཞོག་ཁོག་ཐོན་ལས་ཀྱི་འཕེལ་རྒྱས་གླེང་སྟེགས་དང་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རིགས་གཅིག་མཁས་ཅན་དང་མཁས་དབང་དང་། འདེབས་འཛུགས་དུད་ཚང་། ཤང་དང་གྲོང་རྡལ་གྱི་སྡེ་ཚན་གྱི་འགན་འཁུར་བ་བཅས་ཀྱིས་སྤུས་ཀ་ལེགས་པའི་གསོ་སྤེལ་དང་། ལག་རྩལ་མཐོ་བའི་འགན་ལེན། རིན་ཐང་མཐོ་བའི་གཞན་སྒྱུར་སོགས་ཀྱི་དམིགས་ཚད་ལ་དམིགས་ནས། དཔྱད་བསྡུར་སྤེལ་རེས་གཏིང་ཟབ་བྱས་ཏེ་སྤུས་རྟགས་རྫོང་སྟོབས་ཆེན་ལ་ཐབས་དང་ཇུས་བཏོན་པ་རེད།

རྣམ་གླིང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་ཚེ་རིང་ནོར་བུས། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས། རྣམ་གླིང་རྫོང་གི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་འཆར་འགོད་འཐུས་སྒོ་ཚང་དུ་བཏང་སྟེ། རྣམ་གླིང་རྫོང་གི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

དིང་རི་རྫོང་དུ་སྒལ་ཚིགས་འཁྱོག་པའི་ནད་པར་སྨན་བཅོས་བྱས་པ། ཐོན་ལས་དར་རྒྱས་ལས་ཀའི་ངར་ཤུགས་འཕེལ། འབབ་འཕར་ཕྱུག་འགྱུར་འཚོ་བ་མཛེས་སྡུག་ལྡན། གཞིས་རྩེ་གྲོང་ཁྱེར་གྱིས་བློ་རིག་འབྲོག་ལས་དངུལ་བུན་ཐོག་མ་བཏང་བ། གཞིས་རྩེ་རུ་སྟོད་གཞས་ཀྱི་འགྲན་བསྡུར་ཞིག་སྤེལ་འདུག