གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

གཞིས་རྩེ་རུ་སྟོད་གཞས་ཀྱི་འགྲན་བསྡུར་ཞིག་སྤེལ་འདུག

སྤེལ་དུས་: 2023ལོ་08ཟླ་09ཚེས་ 10:57 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༨ ཚེས ༤ ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས་རྫོང་དེའི་སྟོད་གཞས་མི་དམངས་ཐང་ཆེན་དུ་ཁོངས་གཏོགས་ཀྱི་ཆོས་མ་ཤང་དང་ལྷ་རྩེ་གྲོང་རྡལ། ཕུན་ཚོགས་གླིང་ཤང་། རེ་ས་ཤང་། ཆུ་ཤར་གྲོང་རྡལ་སོགས་ཤང་དང་གྲོང་རྡལ ༡༡ གི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་སྟོད་གཞས་རིག་རྩལ་འགྲན་བསྡུར་གཉེར་འདུག ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་འཁྲབ་སྟོན་པ་ཚོས་ལུས་ལ་སྣམ་བུ་གྱོན་ཞིང་། སྐྱེས་པ་ཚོས་མགོ་ལ་སྐྲ་ཤུབས་དམར་པོ་རྒྱག་པ་དང་ལག་ཏུ་རྒྱུད་དྲུག་སྒྲ་སྙན་བཟུང་བ། བུད་མེད་ཚོས་མགོ་ལ་སྤ་ཕྲུག་གིས་རྒྱན་ཞིང་སྐེད་པར་པང་གདན་ཁྲ་ཁྲ་དཀྲིས་པ་སོགས་གཟབ་མཆོར་ལེགས་པར་སྤྲས་ནས་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

图片

སྟོད་གཞས་ནི་གླུ་གར་དང་རོལ་དབྱངས་གཞི་གཅིག་ཏུ་འདུས་པའི་བོད་རིགས་ཀྱི་ཁྱད་ལྡན་དམངས་ཁྲོད་ཞབས་བྲོ་ཞིག་ཡིན་པ་དང་། འཁྲབ་སྟོན་པས་རྒྱུད་དྲུག་སྒྲ་སྙན་རམ་དཀྲོལ་རོལ་ཆས་སུ་བྱས་ཏེ། རོལ་ཆའི་དབྱངས་འགྲོས་དང་བསྟུན་ནས་གླུ་ལེན་གར་འཁྲབ་བྱེད་ཀྱི་ཡོད། ལྷ་རྩེའི་སྟོད་གཞས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་། ལྷ་རྩེར་སྟོད་གཞས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡོད་དེ། ས་གནས་དེ་གའི་མང་ཚོགས་ཁྲོད་སྟོད་གཞས་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད།

འགྲན་བསྡུར་བྱ་ཡུལ་དུ་ཤང་དང་གྲོང་རྡལ་ཁག་གི་སྒྱུ་རྩལ་རུ་ཁག་གིས་ལྷ་རྩེའི་དམིགས་བསལ་གྱི་ས་གནས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྟོད་གཞས་འཁྲབ་ནས་དུས་རབས་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་བླངས་ཡོད།

图片

དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཡར་ཐོན། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་བཅས་དང་བསྟུན་ནས། སྲོལ་རྒྱུན་རིག་གནས་རྣམས་སྲུང་སྐྱོབ་དང་རྒྱུན་འཛིན་ཁྲོད་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད། མི་སེམས་འགུལ་བའི་དགའ་སྟོན་དེས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་མི་དམངས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྒོའི་ཁྲོད་ཁྱབ་སྤེལ་དང་རྒྱུན་འཛིན་ཐུབ་པ་མ་ཟད། དུས་རབས་གསར་པར་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག་ཡོད།

图片

ཤང་དང་གྲོང་རྡལ་ཁག་གི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ངོ་མཚར་ཆེ་བའི་སྟོད་གཞས་འགྲན་བསྡུར་གྱིས་མངོན་མིན་རིག་གནས་ཤུལ་བཞག་དམངས་ཁྲོད་དུ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བའི་གྲུབ་འབྲས་མངོན་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་ཆེ་བའི་བསམ་པའི་ཉམས་འགྱུར་དང་བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་མངོན་ཞིང་། རིག་རྩལ་གྱི་དམིགས་བསལ་མཚོན་ཚུལ་ཐོག་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ་དང་། དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དུས་རབས་གསར་པའི་དར་སྲོལ་གསར་པ་དང་ཉམས་འགྱུར་གསར་པ་མངོན་ཡོད་ལ། ལྷ་རྩེ་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཡོད་པ་རེད།

图片


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

འགག་སྒོ་སླར་གསོ་བྱུང་རྗེས་ཀྱི་སྐྱིད་གྲོང་གི་འཕོ་འགྱུར་ལ་གཟིཊ་དང་། གུང་ཁྲན་ཏང་ཡོན་ནི་ནམ་ཡང་སྣེ་ཁྲིད་པ་ཞིག་ཡིན། འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ། སྔོ་ལྗང་ཁྱིམ་གཞིས་སྐྲུན་ལ་བྲེལ། ང་ཚོས་བསྟོད་གླུ་མི་ལེན་པ་ཅི་ལ་སྲིད།