ཉེ་ཆར། བོད་ལྗོངས་མདོ་གཞུང་གཙང་པོ་བར་རྩེ་ཆུ་བེད་ལྟེ་བའི་ལེ་ལག་ཚང་སྒྲིག་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭའི་གནས་སྤོས་ཡུལ་མི་བཀོད་སྒྲིག་བྱ་ཡུལ་དང་བཀོད་སྒྲིག་ཁང་པ་འཛུགས་སྐྲུན་ལས་འགོ་ཚུགས་པའི་མཛད་སྒོ་གཉེར་ཡོད་པ་རེད།
རྣམ་གྲངས་འདི་ང་ཚོས་ཡུན་རིང་རེ་སྒུག་བྱས་ཡོད། དེ་རིང་དངོས་སུ་ལས་འགོ་ཚུགས་པ་དེ་ང་ཚོའི་ངོས་ནས་བརྗོད་ན་དོན་སྙིང་ཆེན་པོ་ལྡན་ཡོད། ང་ཚོའི་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་འདམ་རྡོའི་ཆུ་རུད་ཐོན་སླ་པོ་ཡོད། སྡོད་ཁྱིམ་གསར་པ་རྫོང་གྲོང་དང་ཐག་ཉེ་བའི་སར་སྤོས་ཚེ། སྨན་བཅོས་དང་སློབ་ཞུགས་སྟབས་བདེ་རུ་འགྲོ་རྒྱུ་དང་ང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་རུ་ཐོག་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་ཟླ་ནོར་གྱིས་བརྗོད།
གནས་སྤོས་བྱ་ཡུལ་བསྐྲུན་ཚར་རྗེས་ཀྱི་རྣམ་པ།
བར་རྩེ་ཆུ་བེད་གནས་སྤོའི་བཀོད་སྒྲིག་ལས་གྲྭ་ནི་བར་རྩེ་ཆུ་བེད་ལྟེ་བའི་ལེ་ལག་ཚང་སྒྲིག་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་འཛུཌ་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ལས་གྲྭ་དེ་ཤང་གྲོང་རྡལ ༣ གྱི་གྲོང་ཚོ ༢༣ གྱི་དུད་ཚང་ ༡༦༥ ཡི་མི་གྲངས ༨༧༨༧ དང་འབྲེལ་བ་ཡོད། ངམ་རིང་རྫོང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་། བོད་ལྗོངས་བར་རྩེ་ཆུ་བེད་ལས་གྲྭའི་གནས་སྤོ་ཡུལ་མིའི་གཞུང་ལས་ཁང་གི་ཀྲུའུ་རེན་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་བར་རྩེ་ཆུ་བེད་ལྟེ་བའི་ལེ་ལག་ཚང་སྒྲིག་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་ ༢༩.༣༨ བཏང་བའི་ནང་ཡུལ་མི་བཀོད་སྒྲིག་བྱེད་པར་སྒོར་དུང་ཕྱུར ༥.༡ བཏང་ཡོད་ཅིང་། ལས་ཡུན་ཟླ་བ ༦༦ ཡིན་པ་དང་སྔོན་དཔག་བྱས་ན། ༢༠༢༨ ལོའི་ཟླ་བ ༦ པའི་སྔོན་དུ་ལས་མཇུག་སྒྲིལ་གྱི་ཡོད་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
རྣམ་གླིང་རྫོང་གིས་ཞོག་ཁོག་ཐོན་ལས་འཕེལ་རྒྱས་གླེང་སྟེགས་འཚོགས་ནས་སྤུས་རྟགས་རྫོང་སྟོབས་ཆེན་ལ་ཐབས་དང་ཇུས་བཏོན་པ། དིང་རི་རྫོང་དུ་སྒལ་ཚིགས་འཁྱོག་པའི་ནད་པར་སྨན་བཅོས་བྱས་པ། ཐོན་ལས་དར་རྒྱས་ལས་ཀའི་ངར་ཤུགས་འཕེལ། འབབ་འཕར་ཕྱུག་འགྱུར་འཚོ་བ་མཛེས་སྡུག་ལྡན། གཞིས་རྩེ་གྲོང་ཁྱེར་གྱིས་བློ་རིག་འབྲོག་ལས་དངུལ་བུན་ཐོག་མ་བཏང་བ།