གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

གཞིས་རྩེ་གྲོང་ཁྱེར་གྱིས་སེ་འབྲུའི་རྡོག་ཅེས་པའི་གསར་བརྗེའི་ས་ཚིགས༤༣བཏོད་པ།

རྒྱལ་ཁབ་དང་ཞིང་ཆེན་ལམ་རྒྱུད་ཀྱི་ཡུལ་སྐོར་བར་སྟབས་བདེའི་ཞབས་འདེགས་ཞུས་པ།

སྤེལ་དུས་: 2023ལོ་11ཟླ་15ཚེས་ 10:34 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས་ཉིན་རེ་བཞིན་མང་དུ་འགྲོ་བའི་རྐང་ཐང་འགྲུལ་བཞུད་དང་། རྐང་འཁོར་བཞོན་པ། སྒེར་འཁོར་གཏོང་བ་བཅས་ཀྱི་ཡུལ་སྐོར་བྱེད་མཁན་གྱི་དགོས་མཁོར་གཞི་ཚུགས་ཏེ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ད་ཡོད་སྒྲིག་བཀོད་སྤྱད་ནས་རྒྱལ་ལམ ༣༡༨ དང་ཞིང་ཆེན་ལམ ༢༡༩ ཡི་ལམ་རྒྱུད་དུ་སེ་འབྲུའི་རྡོག་ཅེས་པའི་གསར་བརྗེའི་ས་ཚིགས ༤༣ བཏོད་དེ། ལམ་རྒྱུད་ཀྱི་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་བལྟོས་བཅས་ཀྱིས་ཁ་ཐང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཐོག་མི་རིགས་ཁག་གི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ་དང་། མི་རིགས་མཐུན་སྒྲིལ་གྱི་ལེ་དབར་སྟོང་གི་དཔེ་སྟོན་བར་ཁྱམས་རགས་ཙམ་ཆགས་པར་སྐུལ་འདེད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་ཏན་ཏིག་བཏང་བ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་དམངས་ཕན་ཞབས་ཞུའི་ས་ཚིགས་བཏོད་པ་མ་ཟད། ཉིན་མཚན་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བར་དབྱེར་མེད་དུ་སྒོ་མོ་ཕྱེ་ནས་གནམ་གཤིས་ཚ་གྲང་གང་བསྟན་རུང་ཚ་ཕོགས་རྒྱག་ཆོག་པ་དང་། སྐོམ་པ་བསལ་ཆོག་པ། ན་ཚེ་སྨན་བཏང་ཆོག་པ་བཅས་ཀྱི་སྟབས་བདེའི་ཞབས་འདེགས་སྣ་ཚོགས་ཞུ་བ་དང་། ལན་གྱང་བཟོས་པ་བརྒྱུད་ཡུལ་སྐོར་བའི་བསམ་འདུན་ཆུང་ངུ་བསྡུ་རུབ་ཀྱིས་ཡུལ་སྐོར་བའི་གླེང་མང་བའི་ཁོར་ཡུག་འཕྲོད་བསྟེན་དང་། ཚོང་དུད་གཉེར་སྐྱོང་། སྒྲིག་བཀོད་གཏོར་སྐྱོན་སོགས་ཀྱི་མཛེས་ལྗོངས་ཁུལ་བཅོས་སྐྱོང་གི་གནད་དོན་བསྡུ་སྒྲིལ་གྱིས་གནད་དོན་གྱི་རྩིས་ཐོ་བཟོ་བ་དང་དག་ཐེར་དོན་འཁྱོལ་ལ་ལྟ་སྐུལ་བྱས་ནས་ཡུལ་སྐོར་བ་ཚོ་སྤྲོ་བ་ཆེན་པོས་ཡུལ་སྐོར་དུ་ཡོང་བ་དང་བློ་ཡིད་ཚིམ་པོས་ལོག་ཐུབ་པར་བྱས་པ་རེད།  མིག་སྔའི་བར་རིམ་རྩིས་བྱས་ན་ཡུལ་སྐོར་བར་ཞབས་འདེགས་ཐེངས་ཁྲི ༡ ལྷག་ཙམ་ཞུས་པ་མང་ཚོགས་མི་ཐེངས་ཁྲི ༣ ལྷག་ཙམ་ལ་ཁྱབ་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་སེ་འབྲུའི་རྡོག་ཅེས་པའི་གསར་བརྗེའི་ས་ཚིགས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ལག་ལེན་བྱ་ཡུལ་གཙོ་བོར་མཐའ་འཁྱོངས་བཟུང་ནས་སེ་འབྲུའི་རྡོག་གི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཀྱི་དོ་དམ་བྱ་ཐབས་བཟོ་བ་དང་། ཏང་ཡོན་གྱི་གདོང་ལེན་ལས་གནས་བཀོད་སྒྲིག་བྱེད་པ། ཏང་འཛུགས་སྐྱོང་ཀྱི་ཚོགས་ཁང་དང་གྲོང་ཚོའི་ལོ་རྒྱུས་ཁང་སོགས་ཀྱི་ཐོན་ཁུངས་སྤྱད་དེ་དྲིལ་བསྒྲགས་སློབ་གསོ་གཏོང་བ། ཏང་ཡོན་གྱི་འགན་ལེན་གསུམ་གྱི་ལས་དོན་དང་ཟུང་འབྲེལ་གྱིས་ས་ཚིགས་སུ་དང་བླངས་ཞབས་ཞུའི་ལས་དོན་སྤེལ་བ་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་སྤྱོད་དངོས་སུ་གྱུར་པར་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་རྒྱུན་མཐུད་ཆེ་རུ་བཏང་བ་རེད། མིག་སྔའི་བར་ཆེད་དོན་སྒྲོག་འགྲེལ་ཐེངས ༤༠༠ ལྷག་ཙམ་བྱས་པ་དང་མང་ཚོགས་ལ་བྱ་བ་དངོས ༡༨༦ བསྒྲུབས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཁང་དམར་རྫོང་གི་ཁེར་རྐྱང་རིག་ནུས་ཞིབ་མཆན་འཕྲུལ་ཆས་ཁག་དང་པོ་སྤྱོད་འགོ་ཚུགས་པ། གཞིས་རྩེ་གྲོང་ཁྱེར་གྱིས་བོད་ལུགས་གསོ་རིག་སྨན་བཅོས་འབྲེལ་ཚོགས་བཙུགས་པ། གཞིས་རྩེའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བསྐྱར་དར་དང་རྒྱལ་སྤྱི་ཅན་གྱི་ཐབས་ལམ་གླེང་སྟེགས་རྒྱལ་རྩེ་རྫོང་དུ་གཉེར་བ། སྙིང་སྟོབས་འགྲན་ནས་དར་རྒྱས་ཀྱི་གླུ་དབྱངས་ལེན། —— གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྟོང་ཤེ་ཤང་གི་མཐོང་ཐོས།