གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

ཁང་དམར་རྫོང་གི་ཁེར་རྐྱང་རིག་ནུས་ཞིབ་མཆན་འཕྲུལ་ཆས་ཁག་དང་པོ་སྤྱོད་འགོ་ཚུགས་པ།

སྤེལ་དུས་: 2023ལོ་11ཟླ་08ཚེས་ 16:12 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི་ཁེར་རྐྱང་རིག་ནུས་ཞིབ་མཆན་འཕྲུལ་ཆས་ཁག་དང་པོ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་སུ་དངོས་སུ་སྤྱོད་འགོ་ཚུགས་ནས། ལས་གཉེར་ལག་འཁྱེར་གཉེར་མ་ཐག་ཆོག་མཆན་ཐོབ་པ་དང་ཆོག་མཆན་ཐོབ་མ་ཐག་རག་ཐུབ་པ་བྱུང་ནས་མང་ཚོགས་ཀྱི་བློ་ཡིད་ཚིམས་ཚད་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

ཁང་དམར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཞིབ་མཆན་ཚོམས་ཆེན་ནང་ལས་དོན་མི་སྣའི་ཁྲིད་སྟོན་འོག འདུན་ཞུ་བྱེད་མཁན་གྱིས་རིག་གནས་ཞིབ་མཆན་གྱི་འཕྲུལ་ཆས་བརྒྱུད་ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་བདེ་བླག་བྱུང་ནས། ལས་གཉེར་ལག་འཁྱེར་གྱི་མ་དེབ་དང་ཟུར་དེབ་ལེན་པའི་བརྒྱུད་རིམ་ཧྲིལ་པོར་སྐར་མ ༥ ཙམ་ལས་འགོར་གྱི་མེད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རིག་ནུས་རང་འགུལ་ཞིབ་མཆན་མ་ལག་སྤྱད་དེ་ལས་སྒོ་གཉེར་བ་དེས་སྲོལ་རྒྱུན་གྱི་ལག་འཁྱེར་གཉེར་བར་ལས་སྒོའི་སྐར་ཁུང་མདུན་དུ་བང་བསྒྲིགས་པ་དང་རེའུ་མིག་འབྲི་བ། ལས་དོན་མི་སྣས་ཕབ་འཇུག་བཅས་བྱེད་མི་དགོས་པར་ལས་གཉེར་ལག་འཁྱེར་ཐོ་འགོད་བྱེད་པ་དེ་མི་ཐབས་ཀྱིས་ཞིབ་མཆན་འགོད་མི་དགོས་པ་དང་འཕྲལ་མར་ཆོག་མཆན་རག་པ་དང་གཉེར་བ་འཕྲལ་མར་ལེན་ཐུབ་པ་བཅས་དངོས་སུ་མངོན་འགྱུར་བྱུང་ནས་ཁྲོམ་རའི་ཆོག་འཐུས་སྟབས་བདེ་ཅན་གྱི་གོ་རིམ་རིམ་སྤོར་ཆེན་པོ་བྱུང་ཡོད། ཁང་དམར་རྫོང་གི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞབས་ཞུ་བྱེད་སྟངས་སྔར་བས་ལེགས་སུ་བཏང་ནས། ལས་སྒྲུབ་ལས་ཕྱོད་ཆེ་རུ་གཏོང་བ་དང་ཁེ་ལས་ཀྱི་མ་གནས་དམའ་རུ་བཏང་སྟེ། གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་ཉུང་ཙམ་འགྲོ་དགོས་པ་བྱས་ཐོག་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གཞིས་རྩེའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བསྐྱར་དར་དང་རྒྱལ་སྤྱི་ཅན་གྱི་ཐབས་ལམ་གླེང་སྟེགས་རྒྱལ་རྩེ་རྫོང་དུ་གཉེར་བ། སྙིང་སྟོབས་འགྲན་ནས་དར་རྒྱས་ཀྱི་གླུ་དབྱངས་ལེན། —— གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྟོང་ཤེ་ཤང་གི་མཐོང་ཐོས། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་པ། ངམ་རིང་རྫོང་གི་གྲོང་ཚོ་འདི་དག་གནས་སྤོས་བྱ་རྒྱུ་རེད་འདུག