སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདས་ཟིན་པའི་ལོ་གཅིག་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་འདི་ལོའི་དམིགས་ཚད་ལས་འགན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཏེ། ང་ཚོའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གོམ་སྟབས་རྗེས་མར་ང་ཚོས་འགྲིགས་ཤང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ནས་གསོ་ཚགས་ལས་རིགས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཧུར་ཐག་བྱས་ཏེ། ཤང་ཡོངས་ཀྱི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་གི་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
མྱང་ཆུའི་འགྲམ་ནས་སྔོ་ཚལ་དང་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ། ༼གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག༽བཀྲམ་པ། གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་སྨུག་གྲོང་ཚོར་གཞུང་འཁྱོངས་གསར་འབྱེད་བྱེད་མཁན་ལྷ་མོ་ཚོགས་པ་ཞིག་ཡོད། བསམ་གྲུབ་རྩེ་ཆུས་ཀྱིས་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཡག་པོ་བཅུ་བདམས་པ།