བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་རིག་འདེམས་མི་ཤུགས་ཐོན་ཁུངས་དོ་དམ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི་གཞིས་རྩེ་གྲོང་ཁྱེར་གྱི ༢༠༢༤ ལོའི་ཉིན་བརྒྱའི་ལས་གནས་ཁྲི་སྟོང་ལ་ལས་མི་བསྡུ་བའི་ཆེད་དོན་བྱ་སྤྱོད་དང་ལས་གནས་རྫོང་དུ་སྐྱེལ་བའི་ཆེད་དོན་ལས་བསྡུའི་བྱེད་སྒོ་ཁང་དམར་རྫོང་དུ་སྤེལ་བ་རེད།
ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ཐོག་བོད་ཀྱི་ཡུས་ནུང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། ཁང་དམར་རྫོང་ཆུ་ཚན་གྲོང་རྡལ། བོད་ལྗོངས་རིག་གསལ་སློབ་གསོའི་རྟེན་གཞི་སོགས་མི་སྤྱོད་ཚན་པ ༣༠ ཡིས་སྲིད་འཛིན་གྱི་ཡིག་མཁན་དང་། དགེ་རྒན། ལས་སྒོའི་ཅིང་ལི་སོགས་ཀྱི་ལས་གནས ༧༡ མཁོ་འདོན་བྱས་པར། ཁང་དམར་རྫོང་གི་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མ་དང་སློབ་མའི་ཁྱིམ་བདག་ཁྱོན ༡༨༠ ལྷག་ཙམ་ཞུགས་ཡོད་པ་རེད། ལས་མི་བསྡུ་བའི་འདུ་ཚོགས་སྤེལ་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་ཁག ༡༠༠ ལྷག་ཙམ་སྤྲད་པར་མི ༢༢ དང་ལས་ཞུགས་ཚན་པའི་དབར་ལས་ཞུགས་འདོད་མཐུན་རགས་ཙམ་བཞག་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
གཞིས་རྩེ་གྲོང་ཁྱེར་གྱི་རྫོང་རིམ་པའི་ཡུལ་སྐོར་འགྲིམ་འགྲུལ་གྱི་ཆེད་དོན་ལམ་ཐིག་ཐོག་མ་ཤར་གཏོང་ཐུབ་པ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སྒེའུ་ཁུང་གི་ལྕགས་དྲ་བཤིག་པའི་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་མཐའ་སྲུང་དྲན་གསོའི་རྟགས་མ་སྤྲོད་པའི་མཛད་སྒོ་འཚོགས་པ། པ་སྣམ་རྫོང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་ལག་རྩལ་གསོ་སྦྱོང་བྱས་པ།