ཉེ་ཆར། པ་སྣམ་རྫོང་མི་སྤྱི་ཅུས་ཀྱིས་རྫོང་གྲོང་གསེབ་དར་རྒྱས་ཅུས་དང་མཉམ་འབྲེལ་གྱིས་རྩལ་ནུས་གསོ་སྦྱོང་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ཡོད།
ད་ཐེངས་ཀྱི་རྩལ་ནུས་གསོ་སྦྱོང་གིས་རྩལ་ནུས་གསོ་སྦྱོང་དང་ལས་ཚབ་གསོ་སྦྱོང་། སློབ་གསོ་གཤམ་སྤེལབཅས་ཀྱི་བྱ་ཐབས་ཐོག་ནས་བོད་རུམ་འཐག་སྟངས་དང་། སྣམ་བུ་འཐག་སྟངས། མི་རིགས་ཀྱི་གླུ་གཞས། SYBལ༿ས་གཏོད༾རྩལ་ནུས་སོགས་ཀྱི་གསོ་སྦྱོང་བྱས་ཡོད།
པ་སྣམ་རྫོང་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས། གོམ་སྟབས་རྗེས་མར་པ་སྣམ་རྫོང་མི་སྤྱི་ཅུས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། དགོས་མཁོ་ཡོད་པའི་མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་གི་ཞབས་ཞུའི་ལས་དོན་བསྒྲུབ་པ་བཅས་བྱས་ཏེ། མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་མཐོ་རུ་ཏན་ཏིག་གཏོང་བ་དང་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་རམ་བྱས་ནས། ཤེས་ལྡན་མི་སྣའི་དཔུང་ཁག་སྲ་བརྟན་དང་མཐོ་རུ་གཏོང་བའི་ཐབས་ལམ་ཐོག་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཏེ་པ་སྣམ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཞེས་བཤད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་འགྲིགས་ཤང་གི་ཤང་ཀྲང་ཀྲང་ཤུས་ཀྱིས་གསུངས་དོན། མྱང་ཆུའི་འགྲམ་ནས་སྔོ་ཚལ་དང་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ། ༼གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག༽བཀྲམ་པ། གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་སྨུག་གྲོང་ཚོར་གཞུང་འཁྱོངས་གསར་འབྱེད་བྱེད་མཁན་ལྷ་མོ་ཚོགས་པ་ཞིག་ཡོད།