ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཡུས་ཏུའུ་རྫོང་ནི་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ཀྱི་མཉམ་འཛོམས་རྡོག་ཐོན་ཁུལ་ཡིན། སྤྱི་ལོ ༢༠༡༩ ལོའི་ཟླ ༥ ཚེས ༢༠ ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ཏུའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས། ང་ཚོས་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་བརྗེད་མི་རུང་ལ་གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དམིགས་ཡུལ་བརྗེད་མི་རུང་བར་གསར་བརྗེའི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ནས། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ད་ཆ། ཡུས་ཏུའུ་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དར་རྒྱས་གོང་འཕེལ་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་དེ་རྒྱང་སྐྱོད་ཀྱི་འགོ་ཚུགས་སའི་ཡུལ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་བཞིན་ཡོད།བསམ་བློ་གསར་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྣེ་ཁྲིད་བྱེད། གསར་བརྗེའི་རྗེས་ཤུལ་ཞེས་པ་ལས་དེ་རིང་རྒྱང་སྐྱོད་ཀྱི་འགོ་ཚུགས་སའི་ཡུལ་གྱི་དར་རྒྱས་ཀྱི་ལེའུ་ཞེས་འཁོད་པ་དེ་ཞུ་རྒྱུ་ཡིན།
ཞོགས་པའི་ཉི་ཟེར་ཡུས་ཏུའུ་རྫོང་ཙེ་ཧྲན་རྫས་འགྱུར་གཞི་རྒྱུ་ཞི་ལྡན་སྔོ་ཚལ་ཐོན་ལས་གླིང་དུ་འཕྲོ་སྐབས་ཡུལ་དེའི་གྲོང་མི་ཙེང་ཨའེ་ཆིང་གིས་སྔོ་ཚལ་འཐུ་བར་བྲེལ་བཞིན་པ་དང་། སྔ་དྲོའི་ཆུ་ཚོད་དྲུག་པའི་གོང་ཁྲོམ་རར་མཁོ་སྤྲོད་ཐུབ་པ་བྱེད་དགོས་ཀྱི་ཡོད། ཙེང་ཨའེ་ཆིང་གིས། ད་ལྟའི་ནམ་དུས་འདིར་སྔོ་ཚལ་སྐྱེ་འཚར་ཡག་པོ་ཡོད་པས། ཉིན་ལྟར་སྔོ་ཚལ་རྒྱ་མ་བདུན་སྟོང་ལྷག་ཙམ་འཐོག་ཐུབ་ཀྱི་འདུག ང་ཚོའི་འདི་ནས་བཏབ་པའི་རྫས་འགྱུར་གཞི་རྒྱུ་ཞི་ལྡན་སྔོ་ཚལ་གྱི་བྲིན་ཚོང་ལ་སེམས་ཁྲལ་བྱེད་མི་དགོས་ཞེས་བཤད།
བཟོ་ལྟ་དང་སྤུད་ཚད་ལེགས་ལ་བདེ་ཐང་ལ་ཕན་ཐོགས་ཡོད་པའི་ཡུས་ཏུའུ་ཡི་རྫས་འགྱུར་གཞི་རྒྱུ་ཞི་ལྡན་སྔོ་ཚལ་དེ་དག་ནི་ད་ཆ་ཁྲོམ་རའི་ཐོག་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ནས། ཡུས་ཏུའུ་ཡི་གསར་བརྗེའི་གནས་མཆོག་གི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།
ཡུས་ཏུའུ་ལ་སའི་གོ་ལའི་སྟེང་གི་དཔྱང་དར་དམར་པོ་ཡི་འགོ་རྩོམ་ས་ཞེས་འབོད་ཀྱི་ཡོད། སྤྱི་ལོ ༡༩༣༤ ལོའི་ཟླ ༡༠ པར། ཀྲུང་དབྱང་ལས་ཁུངས་དང་ཀྲུང་དབྱང་དམག་ཨུད། ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་དམག་མི་བརྒྱད་ཁྲི་དྲུག་སྟོང་གནས་འདིར་འཛོམས་ནས་རྡོག་ཐོན་བྱས་ཏེ། ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱེད་འགོ་བརྩམས་ཡོད། རྒྱང་སྐྱོད་ཀྱི་ལམ་བར་དུ་ཡུས་ཏུའུ་ཡི་སྔོན་གཤེགས་དཔའ་བོ་ཆིག་ཁྲི་ཆིག་སྟོང་ཙམ་སྐུ་གཤེགས་པ་རེད། སྤྱི་ལོ ༢༠༡༩ ལོའི་ཟླ ༥ པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ཏུའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས། ད་ཆ་རྒྱལ་ཁབ་འཕེལ་རྒྱས་ཕྱིན་པ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་ཕྱིན་ཡོད། ང་ཚོས་ཆུ་འཐུང་དུས་ཆུ་མགོ་དྲན་དགོས་པ་དང་གསར་བརྗེའི་སྔོན་བྱོན་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་བརྗེད་མི་རུང་ལ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ཡུལ་མི་སྤུན་ཟླ་བརྗེད་མི་རུང་ཞེས་བསྟན་གནང་ཡོད། ཙེ་ཧྲན་གྱི་རྫས་འགྱུར་གཞི་རྒྱུ་ཞི་ལྡན་སྔོ་ཚལ་ཐོན་ལས་གླིང་དུ། སྤྱི་ཁྱབ་ཧྲུའུ་ཅིས་གུང་ཁྲན་ཏང་ནི་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་མཁན་དང་། ཏང་ཀྲུང་དབྱང་གིས་བསམ་བློ་གཏོང་ཡུལ་ནི་ཐབས་བརྒྱ་ཇུས་སྟོང་སྒོ་ནས་མང་ཚོགས་རྣམས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་གསུངས་མྱོང་ཡོད།
ཙེ་ཧྲན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཅང་ཝུན་ཡོན་གྱིས། ད་ཆ་ཐོན་ལས་གླིང་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཐོན་ལས་ལས་རྣམ་ཡང་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་གནས་འདིར་ཕེབས་རྗེས་ཉིན་ལྟར་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་པ་དང་ཡུལ་སྐོར་ལས་རིགས་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད། ཡུལ་སྐོར་བ་མང་པོ་སླེབས་རྗེས། སྔོ་ཚལ་གྱི་སྐྱེ་ཚུལ་བཟང་པོ་ཡོད་པ་མཐོང་སྐབས་ལམ་སེང་མངག་ཐོ་འགོད་ཀྱི་ཡོད་པས། ང་ཚོ་ཡང་ཞིང་ལས་ཐོན་རྫས་ཁོ་ན་ནས་ཡུལ་སྐོར་ཐོན་རྫས་ལ་འགྱུར་ལྡོག་བྱུང་སོང་ཞེས་ངོ་སྤྲོད་གནང་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་ཕན་པ་ཐོབ་པའི་ཡུས་ཏུའུ་མི་དམངས་ཀྱི་གསར་གཏོད་ལས་སྐྲུན་གྱི་སྤྲོ་སེམས་རབ་ཏུ་འཕེལ་ནས་སྔ་རྗེས་སུ་རྫས་འགྱུར་གཞི་རྒྱུ་ཞི་ལྡན་གྱི་ཆུ་འབྲས་དང་།རྫས་འགྱུར་གཞི་རྒྱུ་ཞི་ལྡན་གྱི་སྔོ་ཚལ།རྫས་འགྱུར་གཞི་རྒྱུ་ཞི་ལྡན་གྱི་ཚ་ལུ་མ་སོགས་ཁྱད་ལྡན་ཐོན་ལས་རྟེན་གཞི་མང་དག་ཅིག་བསྐྲུན་ཡོད། ས་གནས་དེ་གའི་དམིགས་བསལ་གྱི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། གྲོང་གསེབ་ཀྱི་དམངས་གཉེར་མགྲོན་ཁང་དང་། རྒྱང་སྐྱོད་ཀྱི་འཕྲང་ལམ། རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་སོགས་གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་གི་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་བྱས་པ་དག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
ཙི་ཧྲན་གྲོང་རྡལ་ཐན་ཐོའུ་གྲོང་ཚོའི་གྲོང་མི་སུན་ཀོན་ཧྥ་གྲོང་སྡེའི་ཡུལ་སྐོར་གསར་སྤེལ་ཀུང་སིའི་ནང་ཞུགས་པ་དང་། གསར་དུ་བསྐྲུན་པའི་ཐོག་བརྩེགས་ཁང་ཆེན་ལ་བརྟེན་ནས་དམངས་གཉེར་མགྲོན་ཁང་བཙུགས་ཏེ་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འཚོང་གི་ཡོད། སུན་ཀོན་ཧྥ་ཡིས། ཙེ་ཧྲན་གྱི་ཅང་ཡིའུ་དང་། གྲོང་གསེབ་ཀྱི་སྲན་མའི་བག་ལེབ་ཡོད། ཡུལ་སྐོར་བས་ཁྱད་ལྡན་ཐོན་རྫས་དེ་དག་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཚོང་བྲིན་ཁ་རྒྱུག་པའི་སྐབས་ཉིན་གཅིག་ལ་ཡོང་འབབ་སྒོར་ཉིས་སྟོང་སུམ་སྟོང་ཙམ་རག་གི་འདུག་ཅེས་བཤད།
སུན་ཀོན་ཧྥ་དང་འདྲ་བར། དེང་གི་ཆར། ཏིང་ཏུའུ་རྫོང་གི་གྲོང་མི་མང་པོ་ཞིག་ལ་ཡུལ་སྐོར་གྱི་ཁེ་བཟང་རག་ཡོད། ཉེ་བའི་ལོའི་རིང་། ཏིང་ཏུའུ་རྫོང་གིས་རྒྱང་སྐྱོད་མྱོང་རོལ་གླིང་དང་། རྒྱང་སྐྱོད་རིག་གནས་ཐོན་ལས་གསར་གཏོད་གླིང་སོགས་གསར་བརྗེའི་རིག་གནས་ཡུལ་སྐོར་ལྗོངས་རྒྱུ་མགྱོགས་མྱུར་ངང་བསྐྲུན་པས། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ཀྱི་གཅིག་སྡུད་རྡོག་ཐོན་དྲན་གསོ་གླིང་དང་། ཐན་ཐོའུ་སྡེ་ཁུལ། ཆི་ལུའེ་ཧྲན་གྲོང་རྡལ་གྱི་དམར་དམག་རྒྱང་སྐྱོད་འཕྲང་ལམ་སོགས་དྲ་བའི་ཐོག་སྐད་གྲགས་ཆེ་བའི་ཡུལ་སྐོར་ལྗོངས་རྒྱུ་ཁག་ཅིག་གྲུབ་ཡོད། སྤྱི་ལོ ༢༠༢༠ ལོར། རྫོང་ཧྲིལ་པོའི་གསར་བརྗེའི་ཡུལ་སྐོར་ས་ཚིགས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི ༧༣༣.༢ ལ་སྣེ་ལེན་ཞུས་པ་དང་། གསར་བརྗེའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༦༠ ལས་བརྒལ་ཡོད་པ་རེད།
ད་ལོ། ཏིང་ཏུའུ་རྫོང་གིས་ཐོན་ལས་དར་འཕེལ་གྱི་མཛེས་པ་དང་། རང་བྱུང་སྐྱེ་ཁམས་ཀྱི་མཛེས་པ། ཤེས་དཔལ་བབ་ཆགས་ཀྱི་མཛེས་པ། མཉམ་སྐྲུན་མཉམ་སྐྱོད་ཀྱི་མཛེས་པ། འཆམ་མཐུན་སྒྲིག་ལྡན་གྱི་མཛེས་པ་བཅས་ཀྱི་དུས་རབས་གསར་པའི་གྲོང་གསེབ་ཀྱི་མཛེས་པ་ལྔ་གཏོད་རྒྱུའི་དམིགས་འབེན་བཏོན་པ་དང་། སྔོན་ལ་གྲོང་གསེབ་ཀྱི་མཛེས་པ་ལྔའི་ཚོད་ལྟའི་ས་ཚིགས ༦༩ བཙུགས་ཡོད། རྒྱང་སྐྱོད་འགོ་ཚུགས་སར་གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་པར་རིས་ཤིག་འགྲེམས་སྟོན་བྱེད་བཞིན་ཡོད། ཏིང་ཏུའུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡོན་ཧྲང་ཀུའེ་ཡིས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གང་ལེགས་བྱེད་པ་དང་། མཛེས་པ་ལྔའི་གྲོང་གསེབ་འཛུགས་སྐྲུན་ལེགས་པོ་བྱས་ཏེ། ང་ཚོའི་ཡུལ་མི་རྣམས་ལ་བདེ་ཚོར་དང་ཐོབ་ཚོར་དེ་བས་ཆེ་བ་ཐོབ་པ་བྱས་ཐོག གྲོང་གསེབ་དར་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འབད་འཐབ་ཇི་ཙམ་ཆེ་བ་བྱས་ཚེ་བདེ་སྐྱིད་དེ་ཙམ་གྱིས་ཆེ་བ་ཐོབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཏང་གི་ལོ་རྒྱུས་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བརྟན་པོར་ངེས། དབུས་རྒྱུད་སྤུས་མཐོའི་གོང་འཕེལ་ཐད་ཀྱི་མཛུབ་ཁྲིད་བསམ་འཆར་ལ་གྲོས་ཞིབ་བྱས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཏང་གི་འགོ་ཁྲིད་ནི་མི་དམངས་རང་ཁྱིམ་རང་བདག་གི་རྩ་བའི་འགན་ལེན་ཡིན། ཏང་གི་སྲིད་སྐྱོང་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་བ།