གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་དང་ཝུན་རྨིན་གྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

སྤེལ་དུས་: 2020ལོ་06ཟླ་09ཚེས་ 12:11 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་དང་འབར་མའི་ཙུང་ཐུང་གིས་ཀྲུང་གོ་དང་འབར་མའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ ༧༠ འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་དང་། ལི་ཁེ་ཆང་དང་འབར་མའི་རྒྱལ་དོན་བློ་འདྲིས་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ།

སྤྱི་ཟླ ༦ པའི་ཚེས ༨ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབར་མའི་ཙུང་ཐུང་ཝུན་རྨིན་གྱིས་ཀྲུང་འབར་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ ༧༠ འཁོར་བར་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་ཡོད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ ༧༠ སོང་རིང་། ཀྲུང་གོ་དང་འབར་མའི་སྲོལ་རྒྱུན་གྱི་སྤུན་ཟླའི་མཛའ་བརྩེ་དེ་ཆར་རླུང་གིས་ཉམས་སད་ཐེག་ཐུབ་ནས་རྡོ་རྗེའི་བྲག་ལྟར་སྲ་བརྟན་དུ་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཕྱོགས་གཉིས་པོས་ཉེ་དུས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་འཐབ་རྩོད་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་སོ་སྲུང་རོགས་རེས་བྱས་ནས། སྐྱིད་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་ཀྱི་ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་མ་ལག་གི་སྙིང་སྟོབས་ལ་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད། ད་ལོའི་སྤྱི་ཟླ་དང་པོར་ངོས་ནས་ཁྱེད་ཚོའི་རྒྱལ་ཁབ་ལ་ལེགས་གྲུབ་ལྡན་པའི་རྒྱལ་དོན་འཚམས་འདྲི་ཞུས་པ་དང་། ཁྱེད་དང་ལྷན་དུ་དུས་བབ་གསར་པའི་འོག་ཀྲུང་འབར་གྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུའི་ཐད་བཞེད་མཐུན་གལ་ཆེན་བྱུང་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཀྲུང་གོ་དང་འབར་མའི་འབྲེལ་བ་སྔ་མཐུད་ཕྱི་སྤེལ་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། ངོས་ནས་ཀྲུང་འབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཁྱེད་དང་ལྷན་དུ་འབད་བརྩོན་ཆེན་པོས་ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུ་དེ་བརྩི་སྲུང་ཞུ་སར་བྱས་ཐོག མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་སྤེལ་བ། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དུས་གཏན་དུ་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་བྱེད་ཐུབ་པ་བྱེད་འདོད་ཡོད་ཅེས་གསུངས་ཡོད།

ཝུན་རྨིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་བདེ་བླག་ངང་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་འབར་མས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྩ་ཆེའི་རོགས་སྐྱོར་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབར་མ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ ༧༠ འཁོར་བའི་མཚམས་སུ། རྒྱལ་ཁབ་གཉིས་པོས་འབར་མ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། འབར་མ་དང་ཀྲུང་གོའི་འབྲེལ་བའི་སྤུས་ཚད་མཐོ་རུ་འགྲོ་བ་དང་བསྟུན་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འབར་མའི་རྒྱལ་དོན་བློ་འདྲི་ཨང་ཧྲན་སུའུ་ཅི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད།

ལི་ཁེ་ཆང་གིས་རྟེན་འབྲེལ་གློག་འཕྲིན་ནང་། དུས་བབ་གསར་པའི་འོག ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ། གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་ མགྱོགས་སུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་འབར་དབར་གྱི་དཔལ་འབྱོར་བར་ཁྱམས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུ་དེ་མུ་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཨང་ཧྲན་སུའུ་ཅིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། འབར་མ་དང་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་དང་ཀྲུང་འབར་དཔལ་འབྱོར་བར་ཁྱམས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ངེས་ཡིན་པས། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་དངོས་གཉེར་མཉམ་ལས་ལ་རྒྱུན་ཆད་མེད་པར་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་སི་རི་ལན་ཁའི་ཙུང་ཐུང་གིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གི་ཕྱག་ཡིག་ལ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་དང་མོ་ཁེར་གྱིས་ཞལ་པར་ཐོག་ནས་བཀལ་མོལ་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།