གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་ཕྱག་ཡིག་ལ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས་: 2020ལོ་06ཟླ་08ཚེས་ 10:54 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧར་པིན་བཟོ་ལས་སློབ་ཆེན་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་གནང་བར་ཧར་པིན་བཟོ་ལས་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་ངེས་པ་དང་། འགོ་འཛུགས་ས་གསར་པའི་ཐོག་སྟོབས་ཤུགས་གཅིག་སྒྲིལ་ངང་སླར་ཡང་རྡོག་ཐོན་གྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

སྤྱི་ཟླ ༦ པའི་ཚེས ༧ ཉིན་གྱི་སྔ་དྲོ། ཧར་པིན་བཟོ་ལས་སློབ་ཆེན་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཡོད། ཧར་པིན་བཟོ་ལས་སློབ་ཆེན་ཁོར་ཡུག་སློབ་གླིང་ཁོར་ཡུག་འབྱུང་ཁམས་ཚན་ཁག་གི་ཏང་ཀྲེ་པུའི་ཧྲུའུ་ཅི། དགེ་རྒན་ཆེན་མོ་བ་གཞོན་པ་ལི་ཨང་གིས། སློབ་གྲྭ་བཙུགས་ནས་ལོ་བརྒྱར་འཁོར་བར་རྟེན་འབྲེལ་ཞུ་བའི་ཐད་གཏོང་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ཡིག་གི་ནང་དོན་ལ་རྗེས་ང་རང་སེམས་འགུལ་ཚད་མེད་ཐེབས་བྱུང་། དུས་མཚུངས་སུ་ཧར་པིན་བཟོ་ལས་སློབ་ཆེན་གྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། ཧར་པིན་བཟོ་ལས་སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས་སློབ་གྲྭ་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་གོ་སྐབས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ཡིག་ནང་སྐུལ་ལྕག་གནང་བ་དང་བསྟུན་ནས་འབྱུང་འགྱུར་གྱི་སློབ་ཁྲིད་དང་ཚན་ཞིབ་བརྒྱུད་རིམ་ཁྲོད་སློབ་ཕྲུག་རྣམས་ལ་སློབ་ཁྲིད་ཡག་པོ་དང་། མེས་རྒྱལ་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ཡིག་ནང་། ཧར་པིན་བཟོ་ལས་སློབ་ཆེན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དང་། ལེགས་སྐྱེས་གལ་ཆེན་ལ་གདེང་འཇོག་མཐོ་པོ་གནང་ཡོད། ཧར་པིན་བཟོ་ལས་སློབ་ཆེན་གྱི་སློབ་མ་ཞིག་ཡིན་པའི་ངོས་ནས་མཁའ་སྐྱོད་སློབ་གླིང་གི་སྤྱི་ལོ ༢༠༡༦ ལོའི་དངོས་གཞིའི་སློབ་ཐོན་སློབ་མ་ལུའུ་ཧྲེང་ཨའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ཡིག་ནང་འཁོད་པ་ལྟར། ཧར་པིན་བཟོ་ལས་སློབ་ཆེན་ནི་བྱང་ཤར་དུ་གཞིས་ཚུགས་པ་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་བ། དཀའ་སྤྱད་ལས་གཏོད་བྱེད་མཁན་ཞིག་ཡིན། ཧར་པིན་བཟོ་ལས་སློབ་ཆེན་གྱིས་ཡོན་ཧྲི་མ་ཙུའུ་ཀོང་དང་། ཡོན་ཧྲི་སུན་ཅ་ཏུང་ལྟ་བུའི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཡོད་པས། ང་རང་གིས་སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་འཆང་བ་དང་། ཁོང་རྣམ་པ་མིག་དཔེར་འཛིན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཕྱག་ཡིག་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧར་པིན་བཟོ་ལས་སློབ་ཆེན་གྱིས་སྒྱུར་བཅོས་གསར་གཏོད་དང་། སྙིང་སྟོབས་ཆེར་སྐྱེད་ངང་བྱས་རྗེས་འཇོག་པ། ཕུལ་བྱུང་དོན་གཉེར་བཅས་ཟམ་མི་ཆད་པ་བྱེད་དགོས་པའི་ཐུགས་རེ་གནང་ཡོད། ཐུགས་རེ་ཟབ་མོས་སློབ་གྲྭའི་རྒྱ་ཆེའི་དགེ་སློབ་ཚོས་ཕྲག་སྟེང་གི་འགན་འཁྲི་དང་འགན་སེམས་ཚོར་ཡོད། ཧར་པིན་བཟོ་ལས་སློབ་ཆེན་གྱི་ཚེ་སྲོག་ཚན་རིག་དང་ལག་རྩལ་སློབ་གླིང་གི་འགོ་འཛིན། དགེ་རྒན་ཆེན་མོ་བ་ཧོང་ཀྲེ་ཝེ་ཡིས། ངའི་ཚོད་ལྟ་ཁང་དུ་ནད་འགོག་དང་འགོས་ནད་གི་ནང་རྐྱེན་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ང་ཚོས་ད་དུང་སྔར་རྒྱུན་བཞིན་ཚན་རིག་ཞིབ་འཇུག་ཡག་པོ་བྱེད་པ་དང་། ཚོད་ལྟ་ཁང་གསར་པ་འཛུགས་པ། རིག་ཚན་གྱི་ཁ་ཕྱོགས་གསར་པ་གཏོད་པ། ཞིབ་འཇུག་གྲུབ་འབྲས་ཡག་ཤོས་ཐོབ་པ་བཅས་བྱས་ཏེ། རང་ཉིད་དང་རྒྱལ་ཁབ་ཀྱི་ལས་དབང་མཉམ་གནས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཧར་པིང་བཟོ་ལས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཞུང་སི་ཧའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ཡིག་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ནས་ཧར་པིན་བཟོ་ལས་སློབ་ཆེན་གྱི་གོང་འཕེལ་དང་འཛུགས་སྐྲུན་ལ་མཐོང་ཆེན་པོ་གནང་བ་དང་ཐུགས་ཁུར་གཟབ་བཞེས་གནང་བ་གང་ལེགས་མཚོན་ཡོད། ང་ཚོས་མུ་མཐུད་སློབ་སྦྱོང་ཡག་པོ་དང་། གོ་བ་གཏིང་ཟབ་ལོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ཡིག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་ཐོག་སློབ་གྲྭས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རིག་ཞིབ་འཇུག ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་གཙོ་གནད་སྒྱུར་བཅོས་ལས་འགན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ལོ་བརྒྱ་གསར་པའི་གོ་སྐབས་དང་བསྟུན་ནས་སྟོབས་ཤུགས་གཅིག་སྒྲིལ་ངང་སླར་ཡང་རྡོག་ཐོན་གྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།།

 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་རྒྱལ་སྤྱིའི་ཇ་ཡི་ཉིན་མོ་ཐོག་མ་དེར་རྟེན་འབྲེལ་ཞུས་པ། ཞི་ཅིན་ཕིང་དང་སི་རི་ལན་ཁའི་ཙུང་ཐུང་གིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་བར་རྒྱ་ཆེའི་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་དང་བྱང་ཁོ་རེ་ཡའི་ཆེད་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨེན་རྣམ་གཉིས་ནས་ཕན་ཚུན་ངག་འཕྲིན་བསྐུར་གནང་བ།