གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་བ་ཞེས་པ་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལེའུ་གསར་པ་བརྩམས་པ།

སྤེལ་དུས་: 2020ལོ་10ཟླ་20ཚེས་ 10:20 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་ནི་རང་རྒྱལ་ཉིད་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་མཚམས་ཤིག་རེད། ལོ་ལྔའི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་དབུ་ཁྲིད་འོག རང་རྒྱལ་གྱིས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་བཏང་བ། ཚན་རྩལ་གྱི་གྲུབ་འབྲས་ཆེན་པོ་ཟམ་མི་ཆད་པར་བླངས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཀུན་གྱི་མཐོང་ཆོས་སུ་གྱུར་བ། འབྱུང་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་བཏང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཡོངས་ཁྱབ་ངང་མཐོ་རུ་བཏང་བ་བཅས་བྱས་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་ལ་ཕྱིར་དྲན་བྱ་ཆེད། སྤྱི་ཚེས ༡༩ ཉིན་ནས་བཟུང་། དམིགས་གསལ་ཇུས་འགོད་བྱས་པའི་ཆེད་སྒྲིག་ལེ་ཚན་སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་ཞེས་པ་གཏོང་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་མྱོང་བའི་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས་སོགས་ལ་བསྐྱར་ཞིབ་བྱས་པ་བརྒྱུད། ས་གནས་ཁག་ལ་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་དང་། དབུལ་སྒྲོལ་འགག་སྒྲོལ་སོགས་ཐད་ཐོབ་པའི་གྲུབ་འབྲས་དང་འགྱུར་ལྡོག་མངོན་པར་བྱ་རྒྱུ་ཡིན། དེ་རིང་། སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་ཞེས་པ་ལས་སྤུས་མཐོའི་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་པ་ཞུ་རྒྱུ་ཡིན།

མ་གཞི་གཟའ་མཇུག་དང་འཁེལ་རུང་། ཉིང་པོ་ཀྲེན་ཀྲེ་འཕྲུལ་ཆས་ལུགས་པར་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་སྔར་བཞིན་བྲེལ་འཚུབ་ཀྱིས་ཁེངས་ཡོད། བཟོ་པ་རྣམས་ནས་ཐོན་རྫས་ལ་འཇམ་བརྡར་རྒྱག་པ་དང་། སྒྲིག་ཆས་གསར་པ་ལྷུ་སྒྲིག་བྱེད་བཞིན་ཡོད། སྤྱི་ཁྱབ་སྤྱི་གཉེར་ཀྲང་ཆུན་ཧྥོང་གིས། ད་ལོ་ང་ཚོས་གསར་སྣོན་བྱས་པ་གཙོ་བོ་ནི་ཡང་བའི་སྒྲིག་གཞིའི་ལྷུ་ལག་རེད། ང་ཚོའི་ངོས་ནས་བཤད་ན། རྒྱལ་ཁབ་ཕྱི་ནང་གིས་དེ་ཉོ་སྒྲུབ་བྱེད་མཁན་ཧ་ཅང་མང་དུ་ཕྱིན་སོང་། ད་ལོའི་རིམས་ནད་ཀྱི་གནས་ཚུལ་འོག་ཏུའང་ང་ཚོས་ད་དུང་བརྒྱ་ཆ ༣༠ ལྷག་འཕར་སྣོན་གཏོང་ཐུབ་པ་འདུག་ཅེས་བརྗོད་ཡོད།

ད་ལོའི་སྤྱི་ཟླ ༣ པའི་ཚེས ༢༩ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་པོ་ཀྲེན་ཀྲེ་འཕྲུལ་ཆས་ལུགས་པར་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་པ་དང་། ཀྲང་ཆུན་ཧྥོང་གིས་སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་སྐབས། སླད་ཕྱིན་གྱི་རླངས་འཁོར་ལྷུ་ལག་གི་འཕེལ་ཕྱོགས་ནི་གཞི་གཅིག་ཅན་དང་ཡང་ཚད་ཅན་ཡིན་པས། ཀུང་སིས་ལོ་ལྔ་སྔ་བསྣུར་དུ་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།

ད་ཆ། སྔོན་མཐོང་རང་བཞིན་གྱི་བཀོད་སྒྲིག་དེ་དག་ལ་རིམ་གྱིས་ཕན་འབྲས་ཐོན་བཞིན་ཡོད། མངགས་ཉོ་བྱེད་མཁན་མང་དུ་སོང་བ་དང་བསྟུན་ནས། ཀུང་སིའི་ད་ཡོད་ཀྱི་བཟོ་ཁང་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱི་མེད། ད་ལོའི་སྤྱི་ཟླ ༧ པའི་ཚེས ༣ ཉིན། ཀྲེན་ཀྲེས་མ་འཇོག་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་ནས་རྒྱལ་སྤྱིའི་རྩེར་སོན་གྱི་དེང་རབས་ཅན་གྱི་གནོན་ལུགས་ལུགས་པར་གྱི་ཐོན་སྐྱེད་འཁོར་ཁང་བརྒྱབ་ཡོད། དེ་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ཁེ་ལས་ཀྱི་ལོའི་ཐོན་སྐྱེད་རིན་ཐང་ཡང་ད་ཡོད་ཀྱི་རྨང་གཞིའི་ཐོག་ལྡབ་འཕར་ཡོང་རྒྱུ་རེད། ཀྲང་ཆུན་ཧྥོང་གིས། ང་ཚོས་མདུན་གྲལ་གྱི་གོ་སྐབས་དམ་འཛིན་ཐུབ་ཡོད། གོམ་སྟབས་རྗེས་མར་རླངས་འཁོར་བཟོ་གྲྭ་མང་པོར་ཅ་ལག་དེ་དགོས་གལ་ཆེན་པོ་ཡོད་པས། དེའི་ཁྲོམ་ར་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཅེས་བརྗོད་ཡོད།

རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་དཔལ་འབྱོར་དུས་བབ་འོག གསོན་ཤུགས་དང་རྣམ་རིག་གིས་ཁེངས་པའི་ཁེ་ལས་འབྲིང་ཆུང་འབོར་ཆེན་ཞིག་གིས་ལས་སྒོ་གཙོ་བོར་བློ་གཅིག་སེམས་གཅིག་དང་། གསར་གཏོད་བྱེད་པ་ཕོད་པ་བྱས་ནས་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་པ་རེད།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། རང་རྒྱལ་གྱི་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་དང་། མཐོ་གསར་སྒྲིག་ཆས་བཟོ་སྐྲུན། ནུས་རྒྱུ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱང་རྒྱུན་མཐུད་འཕར་སྣོན་བྱུང་ཡོད། ད་ལོའི་སྤྱི་ཟླ ༩ པའི་ཚེས ༣༠ ཉིན། རྨ་ཆུའི་ཆུ་གློག་ཉི་འོད་ནུས་པ་ཀུང་སིས་འཛུགས་སྐྲུན་སྒྲུབ་འགན་འཁུར་བའི་སྟོང་ཝ་ཁྲི ༤༠༥ ཟིན་པའི་ཆེས་མཐོ་སྣོན་གྱི་ཕྱིར་སྐྱེལ་བརྒྱུད་ལམ་གྱི་ཆ་སྦྱོར་གློག་ཁུངས་རྣམ་གྲངས་ཀྱི་ཤོང་ཚད་ཧྲིལ་པོ་གློག་གཏོང་འགོ་ཚུགས་ཡོད། དེ་ནི་གོ་ལ་ཡོངས་ཀྱི་ཐེངས་གཅིག་རང་བཞིན་གྱི་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་འགོ་ཚུགས་པའི་གཞི་ཁྱོན་ཆེ་ཤོས་དང་། འཛུགས་སྐྲུན་དུས་ཡུན་ཐུང་ཤོས་ཀྱི་ནུས་རྒྱུ་གསར་པའི་གློག་འདོན་རྣམ་གྲངས་ཤིག་ཡིན་པས། རྨ་ཆུ་ཀུང་སིའི་འོད་ཧྥུའི་གློག་འདོན་འཕྲུལ་འཁོར་གྱི་ཤོང་ཚད་སྟོང་ཝ་ཁྲི ༦༩༦ ཟིན་པ་དང་། དེ་སྤྱི་ལོ ༢༠༡༦ ལོ་ནས་བརྒྱ་ཆ ༡༧༨ འཕར་སྣོན་བྱུང་ཡོད། རྨ་ཆུ་ཆུ་གློག་ཉི་འོད་ནུས་པ་ཀུང་སིའི་IBCགློག་རྫས་བཟོ་སྐྲུན་ཡན་ལག་བཟོ་གྲྭའི་རིམ་གསུམ་བཟོ་རྩལ་དབུ་ཆེན་ཏུང་ཀྲུང་ཅེ་ཡིས། ལོ་བཞིའི་རྟོག་ཞིབ་བྱས་རྗེས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་ཁྲིད་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་གསར་བརྗེ་བཞི་དང་། མཉམ་ལས་གཅིག་གི་ནུས་རྒྱུ་གསར་པའི་བདེ་འཇགས་འཐབ་ཇུས་གསར་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་འབྱུང་ཁམས་ཤེས་དཔལ་དགོངས་པ་སོགས་ཟུང་འབྲེལ་བྱས་པས་འོད་ཧྥུའི་ཐོན་ལས་ཁྱབ་ཁོངས་ལ་གྲུབ་འབྲས་དང་སྦྱངས་འབྲས་འབུར་དུ་ཐོན་ཡོད། ཀུང་སིའི་གློག་རྫས་ཐོན་ནུས་ཀྱི་གཞི་ཁྱོན་བརྒྱ་ཆ ༦༨ མཐོ་རུ་སོང་བ་དང་། ལྷུ་ལག་ཐོན་ནུས་ཀྱི་གཞི་ཁྱོན་བརྒྱ་ཆ ༥༢ མཐོ་རུ་སོང་བ། IBCནུས་མཐོའི་གློག་རྫས་ལྷུ་ལག་ཀྱང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་ཅེས་གསུངས་ཡོད།

ལོ་ངོ་དེ་དག་རིང་། གཞུང་ཁོངས་ཁེ་ལས་ཀྱི་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ནས་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་ནུས་པ་གསར་པ་སྣོན་ཡོད། ད་ལོའི་སྤྱི་ཟླ ༩ པའི་ཚེས ༢༢ ཉིན། ཞུས་ཀུང་ཚོགས་པ་ལས་གྲྭ་འཕྲུལ་ཆས་ཚད་ཡོད་ཀུང་སིས་ནན་ཅིང་དུ་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་སྒྱུར་བཅོས་འཐབ་ཇུས་ལ་མ་འཇོག་བྱེད་མཁན་གྱི་གན་འཇོག་མཛད་སྒོ་གཉེར་བ་དང་། མ་རྐང་འཇོག་མཁན་གསར་པ་བཅུ་དྲུག་ཡིད་འགུག་ཐུབ་པ་དང་། མ་དངུལ་སྒོར་དུང་ཕྱུར ༢༡༠ ནང་འདྲེན་ཐུབ་ནས་ད་ལོའི་ཚུན་གྱི་ཀྲུང་གོའི་མ་རྩའི་ཁྲོམ་རས་མ་དངུལ་ནང་འདྲེན་གཞི་ཁྱོན་ཆེ་ཤོས་ཐུབ་པའི་གཞུང་ཁོངས་ཁེ་ལས་ཀྱི་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་བསྒྱུར་བཅོས་རྣམ་གྲངས་དེར་གྱུར་ཡོད་པ་རེད། ཞུས་ཀུང་ཚོགས་པ་ལས་གྲྭ་འཕྲུལ་ཆས་ཚད་ཡོད་ཀུང་སིའི་སྤྱི་འདོམས་པ། ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་མིན་གྱིས། ང་ཚོས་ཐག་གཅོད་བྱེད་དགོས་པའི་གནད་དོན་ནི་མི་འདང་ཁ་གསབ་དང་། ཉམས་ཞན་སྟོབས་ཆེར་བཏང་སྟེ་བཟང་ཆ་དེ་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཡིན། ད་ཐེངས་ཀྱི་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་སྒྱུར་བཅོས་ཐད། མ་དངུལ་ནི་ཕྱོགས་གཅིག་ཙམ་ཡིན་པ་དང་། ཆེས་གལ་འགངས་ཆེ་ཤོས་དེ་ནི་ཞུས་ཀུང་ཞེས་པའི་གཞུང་ཁོངས་ཁེ་ལས་རྙིང་པ་དེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་བུའི་ཐོག་ཁྲིད་པ་དེ་རེད་ཅེས་གསུངས་ཡོད་པ་རེད།

རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱས་ཏེ། རང་རྒྱལ་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཧྲང་ཧའེ་ཡང་ཧྲན་ཧྲེན་ཧྲུའེ་ཀང་གི་དུས་བཀག་བཞི་པའི་རང་འགུལ་ཅན་གྱི་གྲུ་ཁ་སྤྱི་ལོ ༢༠༡༧ ལོར་གྲུ་ཁ་དངོས་སུ་ཤར་གཏོང་ཐུབ་ཚུན། ལོ་ཧྲིལ་པོར་དོས་སྒམ་དབོར་འདྲེན་བྱེད་ཚད་ས་ཡ་གསུམ་དང་ཉིས་འབུམ་ལས་བརྒལ་ཡོད། ད་ལོའི་སྤྱི་ཟླ་དང་པོ་ནས་བརྒྱད་པ་བར། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཡང་ཧྲན་གྲུ་ཁ་གནས་སའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱིས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་ཆིག་ཁྲི་སྟོང་མེད་དྲུག་བརྒྱ་ལེགས་སྒྲུབ་ཟིན་པ་དང་། དེའི་ཁྲོད་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ ༣ ཙམ་འཕར་ཡོད། ཕུ་ཏུང་ཁུལ་གསར་གྱི་འགོ་འཛིན་གཞོན་པ་ཡང་ཀྲའོ་ཡིས། གོམ་སྟབས་རྗེས་མར་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་ཧྲང་ཧའེ་ལ་བཏོན་གནང་བའི་ནུས་པ་ཆེན་པོ་བཞི་ཞེས་པ་སྔོན་ལ་དོན་འཁྱོལ་བྱེད་པ། རིམ་སྤོར་པར་གཞི་ཧུར་ཐག་གཏོད་པ། སྔོན་ལ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་འབྲེལ་མཐུད་ཐུབ་པའི་ཕྱི་ཕྱོགས་སྒོ་དབྱེའི་འབྲེལ་མཐུད་ཨ་མའི་ནུས་པའི་དཔེ་སྟོན་ཁུལ་དང་། གོ་ལ་ཧྲིལ་པོའི་མ་དངུལ་དང་། ཆ་འཕྲིན། ཤེས་ལྡན་མི་སྣ་སོགས་མཐོ་རིམ་གྱི་རྒྱུ་ཆ་དང་ཐོན་ཁུངས་མཉམ་འདྲེས་ཐུབ་པའི་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཆ་སྦྱོར་ནུས་པའི་དཔེ་སྟོན་ཁུལ། གོ་ལ་ཧྲིལ་པོའི་གསར་སྐྲུན་ཐོན་ཁུངས་གཅིག་ཏུ་འདུས་པའི་ཚན་རྩལ་གསར་གཏོད་འབྱུང་ཁུངས་ཀྱི་ནུས་པའི་དཔེ་སྟོན་ཁུལ། ཐོན་ལས་འབྲེལ་ཐག་དང་རིན་ཐང་འབྲེལ་ཐག འབྱུང་ཁམས་འབྲེལ་ཐག་བཅས་ཀྱི་ལྟེ་བའི་ལྷུ་ཚིགས་གཅིག་ཏུ་འབྲེལ་བའི་མཐོ་རིམ་ཐོན་ལས་ཁྲིད་སྟོན་ནུས་པའི་དཔེ་སྟོན་ཁུལ་བཅས་སྔོན་ལ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དུས་མཇུག་ཏུ། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྤྱི་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ས་ཡ་གཅིག་ལས་བརྒལ་ནས་ལམ་ཚད་རྡོ་རིང་རྣམ་པའི་མཆོངས་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད། དེ་དང་དུས་མཚུངས་སུ་ཐོན་ལས་གྲུབ་ཆ་ལེགས་སྒྲུབ་རིམ་འཕར་ཟམ་མི་ཆད་པར་མགྱོགས་སུ་བཏང་བ་དང་། གསར་གཏོད་ཀྱི་གྲུབ་འབྲས་འབོར་ཆེན་ཐོན་པ་སོགས་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གྱིས་མུ་མཐུད་སྟོབས་ཆེའི་མཉེན་ཤུགས་དང་གསོན་ཤུགས་རྒྱུན་འཁྱོངས་ཐུབ་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པར་རྒྱང་ལྟ་བྱེད་སྐབས་གོང་འཕེལ་གྱི་སེམས་ཤུགས་སྔར་བས་བརྟན་པ་ཡོད། ཉིང་པོ་གྲོང་ཁྱེར་པའེ་ལུན་ཆུས་ཚོང་འགུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧུའུ་ཕེང་གིས། འབྱུང་འགྱུར་ཀྲུང་གོའི་བཟོ་སྐྲུན་ལ་བལྟ་བསམ་ཚེ། ང་ཚོའི་གླིང་ཁུལ་དུ་བལྟ་བར་ཡོང་ན་འགྲིག བཟོས་པའི་ཅ་དངོས་ཀྱིས་ཆེས་སྔོན་ཐོན་གྱི་ལག་རྩལ་མཚོན་པ་དང་། ཁྲོམ་ར་འདི་ནི་འབྱུང་འགྱུར་གྱི་རྣམ་པ་ཡིན་ཞིང་། དེའི་དོ་དམ་ཡང་ཚང་མ་གྲངས་གཞིའི་ནུས་སྤྲོད་ཡིན་ཞེས་བརྗོད་ཡོད།

རྨ་ཆུའི་ཆུ་གློག་ཉི་འོད་ནུས་པའི་ཀུང་སི་IBCཡི་གློག་རྫས་བཟོ་སྐྲུན་ཡན་ལག་བཟོ་གྲྭའི་རིམ་པ་གཉིས་པའི་ལག་ཤེས་བཟོ་སྐྲུན་དབུ་ཆེན་ཧྲེན་ཧའེ་ཁྲའོ་ཡིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། ཀུང་སིས་མུ་མཐུད་ཐོན་རྫས་རིམ་སྤོར་བྱས་ཏེ་འོད་ཧྥུའི་སྟེང་སྣོན་ཞེས་པའི་ལམ་བུའི་སྟེང་མཐའ་གཅིག་ཏུ་བསྐྱོད་དེ་ཐོན་ལས་སྔར་ལས་ལྷག་པ་དེ་བས་མང་བ་ཞིབ་བཟོ་བྱ་རྒྱུ་དང་། ལས་སྒོ་གསར་པའི་གོང་འཕེལ་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། སྦགས་མེད་ནུས་ཁུངས་རྒྱུན་མཐུད་ཁྱབ་གདལ་གཏོང་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་གིས་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༥༠ འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་རུ་ཁག་ལ་གཟིཊ་གནང་བ། ན་གཞོན་ལས་བྱེད་པ་ཚོར་ཞི་ཅིན་ཕིང་ནས་བཀའ་སློབ་གནང་འདུག ཞི་ཅིན་ཕིང་དང་ཧ་སྨི་ཏེའི་བར་གློག་འཕྲིན་གཏོང་རེས་གནང་བ། ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།