གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

སྤེལ་དུས་: 2020ལོ་09ཟླ་30ཚེས་ 10:40 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས ༢༩ ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་ལ་མཚོན་ན་ཚོད་བགམ་དྲག་པོ་ཞིག་རེད། རིམས་ནད་ལ་ཁ་གཏད་གཅོག་སྐབས། ཀྲུང་གོ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ཡོད། རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་ལ་མུ་མཐུད་རང་ནུས་ལ་དཔག་པའི་རོགས་རམ་བྱ་རྒྱུ་དང་། ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀེན་ཐིན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། བློ་བརྟན་འགྱུར་མེད་ངང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ལག་གདང་སྦྲེལ་ནས་གང་སྔ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀེན་ཐིན་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཨ་ཀེན་ཐིན་ཕྱོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་དང་ཨ་ཀེན་ཐིན་མཉམ་ལས་ཀྱི་འབྱུང་འགྱུར་ལ་སེམས་ཤུགས་ཀྱིས་ཁེངས་ཡོད། ཀྲུང་གོས་ཁྱོན་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། དེས་ཨ་ཀེན་ཐིན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་རྒྱ་ཆེ་བའི་ཁྲོམ་ར་དང་འཕེལ་རྒྱས་ཀྱི་གོ་སྐབས་སྤྲོད་རྒྱུ་རེད། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་དངོས་གཉེར་མཉམ་ལས་ཀྱི་རྨང་གཞི་ལེགས་པ་དང་། མཉེན་ཆ་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀེན་ཐིན་གྱི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཨ་ཀེན་ཐིན་ཕྱོགས་སྐབས་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་ད་ཡོད་ཀྱི་རྣམ་གྲངས་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་གཏོད་པ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་བཏང་བ་བཅས་བྱས་ནས་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། མིའི་རིགས་མཉམ་འབྲེལ་མཉམ་མཐུད་ཀྱི་དུས་རབས་གསར་པར་སླེབས་པས། རྒྱལ་ཁབ་ཁག་གི་ཁེ་ཕན་ནི་ཕན་ཚུན་འབྲེལ་བ་ལྡན་པ་ཞིག་ཡིན་པ་དང་། ལས་དབང་ནི་མཉམ་དུ་འབྲེལ་བ་ཞིག་རེད། རིམས་ནད་ལ་ཁ་གཏད་གཅོག་པ་ཡིན་ནའང་འདྲ། ཡང་ན་དཔལ་འབྱོར་སླར་གསོ་ཡིན་ནའང་འདྲ། གང་ལྟར་ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་དར་ཆ་མཐོན་པོར་བསྒྲེངས་ནས། མཐུན་སྒྲིལ་མཉམ་ལས་དང་། ཐུན་མོང་གོང་འཕེལ་གྱི་ལམ་བུར་བསྐྱོད་དགོས། ཀྲུང་གོ་དང་ཨ་ཀེན་ཐིང་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་གཉིས་ཡིན། ཀྲུང་གོའི་ཕྱོགས་ནས་ཨ་ཀེན་ཐིང་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ ༢༠ ཚོགས་པ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ། སྒོ་དབྱེ་དང་ཁོག་ཡངས་ཀྱི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། སྦགས་མེད་ཐན་ཉུང་གི་རྒྱུན་མཐུད་གོང་འཕེལ་རྒྱུན་འཁྱོངས་བཅས་བྱས་ནས། རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཧྥེར་ནན་ཏེ་སིས་ཀྲུང་གོའི་མི་དམངས་རྒྱལ་སྟོན་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་ཡོད་པ་དང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གསུང་བཤད་གལ་ཆེན་གནང་བ་དེ་ངོས་ནས་ནན་ཏན་གྱིས་ཉན་པ་ཡིན། ཁྱེད་རང་གི་གཟིགས་རྒྱང་དང་འགན་སེམས་ལ་ཡི་རངས་ཆེན་པོ་ཞུ་བཞིན་ཡོད། ཨ་ཀེན་ཐིང་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་བར་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་རྒྱུ་སོགས་གནད་དོན་མང་པོའི་ཐོག་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཨ་ཀེན་ཐིང་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་གནད་དོན་དེ་རིགས་ཐད་འབྲེལ་གཏུག་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོའི་གོང་འཕེལ་ཨ་ཀེན་ཐིང་ངོས་ནས་བརྗོད་ན་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། ཨ་ཀེན་ཐིང་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་ནི་ཨ་ཀེན་ཐིང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན། ཨ་ཀེན་ཐིང་ཕྱོགས་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ཉོ་ཚོང་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད། དངུལ་རྩ་སོགས་ཁྱབ་ཁོངས་མང་པོའི་ནང་མཉམ་ལས་གཏིང་ཟབ་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད། དེས་ཨ་ཀེན་ཐིང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་འདེགས་སྐྱོར་ཤུགས་ཆེན་ཐུབ་རྒྱུར་ཡིད་ཆེས་ཡོད། ཨ་ཀེན་ཐིང་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀེན་ཐིང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཐད་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རིམས་ནད་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་དང་ལྷན་དུ་རིམས་འགོག་སྨན་གྱི་ཐད་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཅན་དབྱི་ཝེར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ། ཝུའུ་དབྱིང་ཅེས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁེ་དང་བཞུགས་མོལ་གནང་བ། ༼བདེན་འཚོལ༽དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་རྩོམ་ཡིག་གལ་ཆེན་ཞིག་སྤེལ་འདུག ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།