བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཚོགས་ར།
སྤྱི་ཚེས ༢༠ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་སྐོང་འཚོགས་བྱས་ཡོད་པ་དང་། བོད་ལྗོངས་ཀྱི་ས་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་མི་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་དང་། མངག་བཅོལ་ཟབ་མོ་ཕྲག་ཏུ་འཁྱེར་ནས་ཚོགས་འདུར་ཞུགས་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེས་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བཞིན་པ།
ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེས་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། ཁོང་གིས། སྤྱི་ལོ ༢༠༢༠ ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་གནང་བའི་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་དམག་འཐབ་ཆེན་མོ་དང་རྒྱུགས་སྤྲོད་ཆེན་མོའི་ཁྲོད་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་། མི་དམངས་བློ་ཡིད་ཚིམ་པ། ལོ་རྒྱུས་སུ་འགོད་ཆོག་པ་བཅས་ཀྱི་ཕུལ་དུ་བྱུང་བའི་རྒྱུགས་ལན་ཕུལ་ཡོད་ཅེས་གསུངས་ཡོད།
ཚོགས་རའི་ཟུར་ཞིག
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ ༢༠༢༠ ལོར་ནད་ཡམས་འགོག་བཅོས་བྱེད་རྒྱུ་དང་གོང་འཕེལ་གཏོང་རྒྱུ་གཉིས་གཅིག་གྱུར་འཆར་འགོད་བྱས་ནས་ཕན་འབྲས་ཆེན་པོ་ཐོབ་པ་དང་། དབུལ་པོ་དབུལ་ནག་མེད་པ་བཟོ་རྒྱུར་རྒྱལ་ཁ་ཆེན་པོ་ཐོབ་པ། དུས་རབས་རང་བཞིན་གྱི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་བ། མཛེས་སྡུག་ལྡན་པའི་མདུན་ལྗོངས་ཆེས་ཆེར་མངོན་པ་བཅས་བྱ་གཞག་ཁག་ལ་ཕྱོགས་ཀུན་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
ཚོགས་རའི་ཟུར་ཞིག
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཀྲུང་གུང་ཀྲུང་དབྱང་གིས༼སྲོལ་ཡིག༽འདི་པར་འགྲེམ་བྱས་འདུག ཝུའུ་དབྱིང་ཅེས་མལ་གྲོ་གུང་དཀར་རྫོང་གི་རུ་ཐོག་ཤང་རྫེམས་གྲོང་ཚོའི་གྲོང་མི་བསོད་ནམས་ཚེ་རིང་ལ་འཕྲིན་ལན་སྤྲིངས་པ། ལྗོངས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་ལ་བླང་བྱ་འདི་འདྲ་བཏོན་གནང་འདུག