ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་བའི་ཐད་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་ཐུགས་གསོའི་གློག་འཕྲིན་བཏང་བ།
སྤྱི་ཟླ ༡ པོའི་ཚེས ༡༠ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧིན་རྡུ་ཉི་ཞི་ཡའི་སུའུ་ལ་ཝེ་ཅ་ཡ་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་བའི་ཐད་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁེར་ཐུགས་གསོའི་གློག་འཕྲིན་བཏང་ཡོད་པ་རེད།
ཞི་ཅིན་ཕིང་གི་ཐུགས་གསོའི་གློག་འཕྲིན་ནང་། ཧིན་རྡུ་ཉི་ཞི་ཡའི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་ལྷུངས་པའི་གནས་ཚུལ་ཤེས་རྟོགས་བྱུང་བས། ཧིན་རྡུ་ཉི་ཞི་ཡའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ངོས་ནས། ང་རང་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ། རྐྱེན་ལམ་དུ་ཤོར་བ་རྣམས་ལ་སྐྱོ་གདུང་ཟབ་མོས་མྱ་ངན་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཀྲུང་གུང་ཀྲུང་དབྱང་གིས༼སྲོལ་ཡིག༽འདི་པར་འགྲེམ་བྱས་འདུག ཞི་ཅིན་ཕིང་གིས་ཁོང་རྣམ་པ་དང་བརྙན་ལམ་ཐོག་ནས་གྲོས་མོལ་གནང་བ། ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་ལ་ནན་གསུང་འདི་འདྲ་གནང་འདུག ལྗོངས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་ལ་བླང་བྱ་འདི་འདྲ་བཏོན་གནང་འདུག དུས་ཆེན་རིང་ཝུའུ་དབྱིང་ཅེས་ལྷ་གཞིས་རིམ་མཐོའི་གཞུང་ལམ་ལ་གཟིགས་པར་ཕེབས་པ།