སྤྱི་ཚེས ༣༠ སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི༼རྒྱ་ཆེ༽ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག༼ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར་གྱི་བྱེད་ཐབས་གལ་ཆེན་དང་ལས་བགོས་ཇུས་གཞི༽ལག་བསྟར་དོན་འཁྱོལ་བྱེད་ཚུལ་གྱི་སྙན་སེང་གསན་པ། ༼ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག༽བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ། ༼བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད(སྤྱི་ལོ ༢༠༡༨ ལོ་ནས ༢༠༢༢ ལོ་བར)ལེགས་སྒྲིག་ཇུས་གཞི་དང་དེ་བཞིན་སྤྱི་ལོ ༢༠༢༡ ལོའི་ཁྲིམས་འཛུགས་འཆར་གཞིར་ཞིབ་བཤེར་དང་གཏན་འབེབས་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་དགོངས་སྐོར་སྙན་སེང་༽དང་༼ལྗོངས་ཡོངས་ཀྱི་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་འབྲེལ་ཡོད་གནད་དོན་གཏན་འབེབས(འཆར་ཟིན)སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་དགོངས་སྐོར་སྙན་སེང་༽ལ་ཞིབ་འཇུག ལྗོངས་ཡོངས་སུ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པ་དང་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན། རེས་སྐོར་གོང་མའི་སྐོར་གཟིགས་དག་ཐེར་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གྱི་ལས་དོན་ཁག་གཅིག་དམིགས་སར་འབྱོར་མེད་པའི་གནད་དོན་དག་ཐེར་དང་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་དག་ཐེར་གཞུང་ལས་ཁང་གི་སྙན་སེང་གསན་པ། དེ་བཞིན་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།
ཚོགས་ར།
ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་ལས་དོན་སྤེལ་ཚུལ་དང་། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད།
ཚོགས་ར།
ཚོགས་འདུའི་ཐོག༼ལྗོངས་ཡོངས་ཀྱི་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་འབྲེལ་ཡོད་གནད་དོན་གཏན་འབེབས(འཆར་ཟིན)སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་དགོངས་སྐོར་སྙན་སེང་༽ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་དང་། ༼བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུའི་སྤྱི་ལོ ༢༠༢༡ ལོ་འཁོར་གྱི་ལས་འགན་བཀོད་སྒྲིག༽ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་སྟེ། རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་གསར་བརྗེའི་རིག་དངོས་ལས་དོན་ཐད་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས་འདི་དཔེ་སྐྲུན་བྱས་འདུག ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་གཉིས་ལ་མཚན་རྟཊ་བཀོད་པ། ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། ཝུའུ་དབྱིང་ཅེས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།