གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་གཉིས་ལ་མཚན་རྟཊ་བཀོད་པ།

སྤེལ་དུས་: 2021ལོ་03ཟླ་12ཚེས་ 10:55 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༣ པའི་ཚེས ༡༡ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་དོན་གསུམ་པ་དང་། བདུན་ཅུ་དོན་བཞི་པར་མཚན་རྟགས་བཀོད་གནང་བ་རེད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་དོན་གསུམ་པའི་ནང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ལོ ༢༠༢༡ ལོའི་ཟླ ༣ པའི་ཚེས ༡༡ ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱེད་རྒྱུ་དང་སྤྱི་ལོ ༢༠༢༡ ལོའི་ཟླ ༣ པའི་ཚེས ༡༢ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་དོན་བཞི་པའི་ནང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་སྒྲིག་སྲོལ་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ལོ ༢༠༢༡ ལོའི་ཟླ ༣ པའི་ཚེས ༡༡ ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱེད་རྒྱུ་དང་སྤྱི་ལོ ༢༠༢༡ ལོའི་ཟླ ༣ པའི་ཚེས ༡༢ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་བཞི་པ་ཚོགས་འདུ་མཇུག་སྒྲིལ་བ། ཞི་ཅིན་ཕིང་ནས་རྒྱལ་སྲུང་དང་དམག་དཔུང་འཛུཊ་སྐྱོང་ཐད་གལ་ཆེའི་གསུང་བཤད་གནང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོཊ་ཀྱི་ཚང་འཛོམས་གྲོས་ཚོཊ་ཐེངས་གཉིས་པ་འཚོཊ་པ། ཞི་ཅིན་ཕིང་གིས་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་ཨུ་ཡོན་ལ་གཟིགས་པ།