གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ཏེ་གལ་ཆེའི་གསུང་བཤད་གནང་བ།

སྤེལ་དུས་: 2021ལོ་11ཟླ་29ཚེས་ 16:55 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༢༨ ཉིན་གྱི་ཕྱི་དྲོ། བློ་མཐུན་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ནག་ཆུའི་འཐུས་མི་ཚོགས་པར་ཕེབས་ཏེ་འཐུས་མི་ཚོ་དང་ལྷན་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད།

འཐུས་མི་ཀྲོང་ཅིང་སུང་དང་། ཚེ་རིང་གནམ་མགོན། ཁྲེན་ཀང་། ལིན་ཡུང་། བསོད་ནམས་ནོར་འཛོམས། དབང་འདུས་ཚེ་རིང་། ཚེ་རིང་གཡང་འཛོམས། བདེ་ཆུང་། ལྷ་མོ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་། ཚང་མས་སྙན་སྒྲོན་ནང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་ནས། འཛུགས་གཏོད་བཞིར་སྐུལ་འདེད་ཧུར་ཐག་གཏོང་བ་དང་མདུན་གྲལ་དུ་སྐྱོད་ཐུབ་པ་བཞི་ཧུར་ཐག་བྱེད་དགོས་པ་བཏོན་པ་ལས། རྒྱལ་ཁབ་ཀྱི་ལས་འགན་དང་འཐབ་ཇུས་དོན་འཁྱོལ་བྱེད་རིང་འགན་འཁྲི་དང་ལས་འགན་སྒྲུབ་སེམས་མངོན་པ་དང་། མི་སེམས་གཅིག་སྒྲིལ་དང་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་། དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན། དུས་རབས་གསར་པར་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

图片

ཝང་ཅུན་ཀྲེང་གིས་འཐུས་མི་ཚོ་དང་ལྷན་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དོན་དངོས་ལ་གཞི་ཚུགས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་འགན་འཁྲི་ཨང་དང་པོར་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས། མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན། ལྷོད་གཡེང་དང་བག་གཡེང་གི་བསམ་བློ་ཁྱད་བསད་བཅས་བྱས་ཏེ། ཉམས་མྱོང་ཕྱོགས་སྡོམ་བྱེད་དགོས་ལ། བསླབ་བྱ་དང་ལེན་དང་སྐྱོན་ཆ་ཡང་བསལ་ནས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་ཡག་པོ་བཏང་སྟེ། སྤྱི་ཚོགས་སྤྱི་ཡོངས་ཀྱི་རྒྱུན་མཐུད་ཞི་མཐུན་དང་བརྟན་ལྷིང་འགན་ལེན་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ཏེ། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་འཆང་བ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་བློ་བཏང་སྟེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་ཡག་པོ་ཏན་ཏིག་སྒྲུབ་པ། རིམ་ཁག་རྩ་འཛུགས་ཀྱི་ལས་དོན་ཚང་མས་ཏང་གི་བྱ་གཞག་ལ་གཟི་བརྗིད་སྣོན་པ་དང་རྒྱ་ཆེའི་ལས་བྱེད་པའི་གཏམ་སྤྱོད་ཚང་མས་ཏང་གི་བྱ་གཞག་ལ་སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ནས། མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་སུ་ཚོར་དུ་འཇུག་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་མི་དང་རང་བྱུང་ཁམས་ཀྱི་ཞི་མཐུན་འཕེལ་རྒྱས་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། སྲུང་སྐྱོང་བྱེད་རིང་གསར་སྤེལ་དང་གསར་སྤེལ་བྱེད་རིང་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། དམངས་ཕྱུག་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གཙང་ཆུའི་ཆུ་འགོ་དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཏང་གི་མི་རིགས་ཆོས་ལུགས་ཀྱི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཏེ། མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། མི་རིགས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་། ཞབས་ཞུ། ཁྲིད་སྟོན་བཅས་ཡག་པོ་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ལ་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་ཡོང་བའི་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་བོད་དུ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་ལ་བརྟན་པོར་བཅངས་ཏེ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་དང་། གཟེར་འདེབས་སྙིང་སྟོབས་དར་སྤེལ་གཏོང་བ། བྱས་པའི་རྗེས་དང་དྲུད་པའི་ཤུལ་གྱི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་བྱེད་པར་ཆབ་སྲིད་ཀྱི་ཐད་བླང་བྱ་ནན་པོ་འདོན་པ་དང་འཚོ་བའི་ཐད་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བའི་མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་འཛུགས་པ། གཞི་རིམ་དུ་ལས་བྱེད་པ་སྦྱོང་བརྡར་དང་། བཀོལ་སྤྱོད། གསོ་སྐྱོང་། འདེམས་སྒྲུག་བཅས་བྱས་ཏེ་ལས་བྱེད་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ནས་ཕུལ་བྱུང་ལས་བྱེད་པ་སྐྱེད་སྲིང་བྱེད་པའི་རྣམ་པ་བཟང་པོ་གཏོད་དགོས། ཏང་དང་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་ལས་བྱེད་པ་གཞི་རིམ་དང་། དོན་དངོས། མང་ཚོགས་བཅས་ཀྱི་ཁྲོད་དུ་སྐྱོད་པར་ལྕག་སྐུལ་བྱེད་པ་དང་། མང་ཚོགས་དང་གྲོགས་པོ་མང་ཙམ་བསྒྲིགས་ཏེ་མང་ཚོགས་ཀྱི་དགའ་སྐྱོ་བདེ་སྡུག་ཤེས་རྟོགས་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱས་ནས་དུས་རབས་གསར་པའི་མང་ཚོགས་ཀྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་དམག་ཡོངས་ཀྱི་རྒྱབ་ཕྱོཊ་མཁོ་སྒྲུབ་ཐད་ནན་སྟོན་གནང་བ། སྐབས་༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་དུ་སྒྲོག་འགྲེལ་གལ་ཆེན་གནང་བ། ཝང་ཅུན་ཀྲེང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།