གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་དམག་ཡོངས་ཀྱི་རྒྱབ་ཕྱོཊ་མཁོ་སྒྲུབ་ཐད་ནན་སྟོན་གནང་བ།

སྤེལ་དུས་: 2021ལོ་11ཟླ་24ཚེས་ 12:17 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

དམག་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་གྲོས་ཚོགས་དེ་སྤྱི་ཟླ ༡༡ པའི་ཚེས ༢༢ ཉིན་ནས ༢༣ ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད་དམག་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དམག་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། རྒྱལ་ཁ་ལེན་རྒྱུ་འགན་སྲུང་བྱ་རྒྱུར་གཅིག་སྡུད་བྱས་ཐོག བསྒྱུར་བཅོས་གསར་གཏོད་ཧུར་ཐག་བྱས་ནས་ཡོད་ཚད་དམག་རྒྱག་གི་ཆེད་དུ་ཡིན་པའི་རྒྱབ་ཕྱོགས་མཁོ་སྒྲུབ་དཔུང་ཁག་ཅིག་ཏན་ཏིག་བཙུགས་ཏེ། རང་དམག་གི་འཛུགས་སྐྱོང་གོང་འཕེལ་དང་འགན་འཁྲི་དང་ལས་འགན་ལག་ལེན་ནུས་ལྡན་བསྟར་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བློ་མཐུན་ཚོས་དུས་རབས་གསར་པའི་ཏང་གི་དམག་ཧྲག་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ། དེང་རབས་ཀྱི་དམག་དོན་ཟོག་འདྲེན་མ་ལག་དང་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་གང་མགྱོགས་འཛུགས་པ། དེང་རབས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ནས། དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་ཆེད་འདེགས་སྐྱོར་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡོའུ་ཞ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཐོག དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དམིགས་ནས། གསར་གཏོད་དང་རྣམ་པ་བརྗེ་བསྒྱུར་བྱ་རྒྱུའི་ཐད་གཅིག་སྡུད་བྱེད་པ་དང་། ཚད་ལྡན་དང་ལེགས་བསྡུས་ཞིབ་གཉེར་བྱ་རྒྱུ་མངོན་གསལ་དོད་སར་འཇོག་པ། རང་ངོས་ལེགས་འགྱུར་ལ་སྣང་ཆེན་བྱེད་པ། དེང་རབས་དམག་དོན་ཟོག་འདྲེན་མ་ལག་དང་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་འཛུགས་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་མི་གཏོང་བ། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འབད་འཐབ་ཆེན་པོས་དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་དཔུང་ཁག་སྟོབས་ཆེན་ཞིག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོག་དེང་རབས་དམག་དོན་ཟོག་འདྲེན་མ་ལག་དང་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་འཛུགས་པའི་འབྲེལ་ཡོད་གནད་དོན་ཐད་ཞིབ་འཇུག་གནང་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་བརྙན་ལམ་ནས་མཇལ་འཕྲད་ཐོག་མ་གནང་བ། སྐབས་༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས། ཞི་ཅིན་ཕིང་གིས་དབུ་ཚོཊ་འདིའི་ཐོག་བརྗོད་གཙོའི་གསུང་བཤད་གནང་འདུག བློ་མཐུན་ཞི་ཅིན་ཕིང་གི་༼མི་དམངས་ཀྱིས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱེད་རྒྱུའི་སྐོར་གླེང་བ་༽ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།