གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་ཚན་རྩལ་སྤེལ་རེས་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

སྤེལ་དུས་: 2023ལོ་11ཟླ་08ཚེས་ 15:54 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༡༡ ཚེས ༦ ཉིན་གློག་འཕྲིན་འབྱོར་གསལ། ཟླ ༡༡ ཚེས ༦ ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་ཚན་རྩལ་སྤེལ་རེས་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ཚན་རྩལ་ཐད་ཀྱི་མཉམ་ལས་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ལྟེ་བར་བྱས་པའི་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་སྤེལ་རེས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་དང་མཉམ་དུ་གསར་འཕར་གཏོད་པའི་གཏིང་ཤུགས་སྔོག་འདོན་བྱེད་པ། གསར་གཏོད་མཉམ་ལས་ཀྱི་མི་མངོན་པའི་ནུས་ཤུགས་འཕེལ་བ། གསར་གཏོད་རོགས་ཟླའི་འབྲེལ་བར་ཤུགས་སྣོན། གསར་གཏོད་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ཕན་བདེ་འཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་གི་ཡིན།

རྒྱུད་གཅིག་ལམ་གཅིག་གི་ཚན་རྩལ་སྤེལ་རེས་ཚོགས་ཆེན་སྐབས་དང་པོའི་བརྗོད་དོན་གཙོ་བོ་ནི་གསར་གཏོད་ལམ་བུ་མཉམ་དུ་སྐྲུན། མཉམ་ལས་འཕེལ་རྒྱས་ལྷན་ཅིག་སྐུལ་ཞེས་པ་དེ་ཡིན་ཞིང་། ཚན་རྩལ་པུའུ་དང་། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་བཟོ་བཀོད་ཁང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱབ་སྐྱོར་བྱས་ཡོད། ཚོགས་ཆེན་འདི་ཉིན་དེར་ཁྲུང་ཆིང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ནང་འདྲེན་དངོས་མང་འགྲེམས་ཚོཊ་འདིར་འཕྲིན་ཡིག་གནང་། ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པའི་ཚོགས་ཆེན་ལ་ནན་བཤད་གནང་དོན། ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་དང་སློབ་སྦྱོང་གནང་བར་ཕེབས་པ།