གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སྦཊ་མེད་གོང་འཕེལ་གླེང་སྟེཊ་ལ་ཤིས་འཕྲིན་སྤྲིངས།

སྤེལ་དུས་: 2024ལོ་07ཟླ་09ཚེས་ 11:03 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༧ ཚེས ༨ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་རྒྱལ་ཁབ་ཀྱི་སྦགས་མེད་གོང་འཕེལ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད།

ཞི་ཅིན་ཕིང་གིས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྦགས་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་རྒྱལ་ཁབ་ཀྱི་ཐུན་མོང་ངོས་འཛིན་ཞིག་རེད།ཉེ་བའི་ལོ་ཤས་རིང་། ཀྲུང་གོས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག ཐོན་སྐྱེད་གོང་འཕེལ་དང་འཚོ་བ་འབྱོར་ཕྱུག འབྱུང་ཁམས་ཡག་པ་བཅས་ཀྱི་ཤེས་དཔལ་གྱི་གོང་འཕེལ་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་ཐད་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད།ཀྲུང་གོའི་ཕྱོགས་ནས་ད་ཐེངས་ཀྱི་གླེང་སྟེགས་བརྒྱུད།ཕྱོགས་ཁག་དང་མཉམ་དུ་སྦགས་མེད་གོང་འཕེལ་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་རམ་འདེགས་དང་།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་འཆང་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས།ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ནི་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན།ཉེ་ཆར།ཀྲུང་གོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཡོད།ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ཧྲང་ཧའེ་ཡི་སྙིང་སྟོབས་དར་སྤེལ་བཏང་ཐོག མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་དང་སྦགས་མེད་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་པ་དང་།ལག་གདང་སྦྲེལ་ནས་སྔར་བས་ཟབ་པའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།

ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་རྒྱལ་ཁབ་ཀྱི་སྦགས་མེད་གོང་འཕེལ་གླེང་སྟེགས་དེ་དེ་ཉིན་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་།ལག་གདང་སྦྲེལ་ཏེ་སྦགས་མེད་གོང་འཕེལ་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་པས་བརྗོད་དོན་གཙོ་བོ་བྱས་ཤིང་།ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཨུ་ཡོན་ལྷན་ཁང་དང་།འབྱུང་ཁམས་ཁོར་ཡུག་པུའུ། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་།ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དྲུང་ཡིག་ཁྲུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་ཕྱིར་ལོག་གནང་བ། ཞི་ཅིན་ཕིང་གིས་ཕེ་ཙེ་ཞི་ཆི་ཡང་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་ཧོ་པའོ་ཞང་བཅས་པ་དང་བཞུགས་མོལ་གནང་བ།