གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ལི་མར་ཕེབས་འབྱོར་ཟིན་པ།

སྤེལ་དུས་: 2024ལོ་11ཟླ་15ཚེས་ 10:47 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ས་གནས་དེ་གའི་དུས་ཚོད་ཟླ ༡༡ ཚེས ༡༤ ཉིན་གྱི་ཕྱི་དྲོར་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་མར་ཕེབས་འབྱོར་ཟིན་པ་དང་། ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ལུའུ་ཨའར་ཐེ་ཡིས་གདན་ཞུ་གནང་བ་ལྟར་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་ཡོད།

ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ལི་མའི་ཁ་ཡ་ཨེ་མཁའ་དམག་རྟེན་གཞིར་ཕེབས་འབྱོར་ཟིན་སྐབས། ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ཏེ་ལི་ཨན་སེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད། ས་གནས་དེ་གའི་སློབ་མས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་། ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་རྒྱ་སྐད་ཀྱི་ཐོག་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད། གུས་ལུགས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་ལངས་ནས་གུས་འདུད་ཞུས་ཡོད།

图片

ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་བ་དང་། ཕེ་རུ་སྲིད་གཞུང་དང་ཕེ་རུའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་མཛའ་བཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ལ་ཏིང་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཕེ་རུའི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་ཕྱིན་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཉིན་བཞིན་ཆེ་རུ་བཏང་བ་དང་། མཉམ་ལས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བརྟན་པོ་བཏང་བས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ད་ཐེངས་ཀྱི་འཚམས་འདྲིས་ཀྲུང་གོ་དང་ཕེ་རུའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད། ང་རང་ནས་ཀྱང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་ནས་ཕྱོགས་ཁག་དང་མཉམ་དུ་སྒོ་དབྱེའི་རྣམ་པའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་སྐུལ་འདེད། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་གནང་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་གི་ནང་བཞུགས་ཏེ་ཕེབས་འབྱོར་ཟིན་ཡོད།

སྔོན་ལ་ཕེབས་འབྱོར་ཟིན་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཕེ་རུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་སུང་དབྱང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་ཐང་ནས་ཁོང་བཞུགས་སའི་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་ལས་ཁུངས། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བཅས་ཀྱི་འཐུས་མི་དང་དེ་བཞིན་ས་གནས་དེ་གའི་མང་ཚོགས་ཀྱིས་འགྲོ་ལམ་གཡས་གཡོན་དུ་དགའ་བསུ་ཞུས་པ་དང་། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུར་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་ཞེས་པ་དང་ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག ཅེས་པ་སོགས་ཀྱི་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་བསྒྲེངས་ཡོད་ལ། རྔ་རྡུང་རོལ་དཀྲོལ་དང་འབྲུག་སེང་རྩེད་འཁྲབ་བྱས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད།

པེ་ཅིང་ནས་ལི་མར་ཕེབས་པའི་ལམ་བར་དུ། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་དེ་སི་ཕེན་གྱི་ཅ་ནཱ་ལི་ཆེ་བའི་གླིང་ཕྲན་དུ་བབས་ནས་ཏོག་ཙམ་བཞུགས་པ་དང་། ཅ་ནཱ་ལི་རང་སྐྱོང་ཁུལ་དུ་བཅའ་སྡོད་སི་ཕེན་ཀྲུང་དབྱང་སྲིད་གཞུང་གི་དབང་ཆ་ཆ་ཚང་ཡོད་པའི་འཐུས་མི་དང་ས་གནས་དེ་གའི་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་དུ་བསུ་སྐྱེལ་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ལི་མར་ཚོགས་འདུ་འདིར་ཞུགས་པར་ཕེབས་པ། ནུས་ཤུཌ་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་ལག་དམར་བར་ཁྲིམས་གཅོད་ནན་པོ་བྱས་ཏེ་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་དང་གྱོད་གཞི་ཚབས་ཆེན་ཐོན་རྒྱུ་ནན་འགོག་བྱེད་དགོས། ཞི་ཅིན་ཕིང་གིས་པར་ཙིར་གྱི་མཛའ་གྲོགས་མི་སྣར་འཕྲིན་ལན་སྤྲིངས་པ། ཞི་ཅིན་ཕིང་ནས་སྒྲོག་འགྲེལ་ཚོཊ་པ་འདིར་འཕྲིན་ལན་སྤྲིངས། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།