གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་པོར་མྱ་ངན་ཞུ་འཕྲིན་བཏང་།

སྤེལ་དུས་: 2025ལོ་10ཟླ་27ཚེས་ 11:13 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༢༦ ཉིན་ཐེ་ལན་གྱི་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེགས་པའི་ཐད་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་དང་། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་གདུང་སེམས་ཆེན་པོ་མྱ་ངན་ཞུས་པ་དང་། ཐེ་ལན་གྱི་རྒྱལ་པོ་ཚང་དང་། སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་གིས། རྒྱལ་ཡུམ་ཧྲེ་ལི་ཅིར་ཐེ་ལན་རྒྱལ་པོ་ཚང་དང་མི་དམངས་ཀྱི་སེམས་ནང་སྙན་གྲགས་ཆེན་པོ་ལྡན་ཡོད། ཁོང་གིས་ཀྲུང་གོ་དང་ཐེ་ལན་གྱི་མཛའ་གྲོགས་ཐུགས་སུ་བཅངས་ནས། དེའི་གོང་རྒྱལ་པོ་ཕུའུ་སྨི་ཕེང་གི་ཚབ་ཞུས་ནས་ཀྲུང་གོར་འཚམས་འདྲི་ཞུས་པ་དང་།  ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དམིགས་བསལ་མཛའ་གྲོགས་དར་སྤེལ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་ཚོས་ཇི་སྲིད་བར་ཁོང་ལ་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་བཞི་པ་འགོ་ཚུཊ་པ། ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ། ༼སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གི་ཀློག་དེབ༽དཔེ་སྐྲུན་འགྲེམས་སྤེལ་བྱས་པ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་ཐེན་ཅིན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཤན་ཅིན་དང་བཞུགས་མོལ་གནང་བ།